林芝市城市管理和综合执法局

政府信息公开

关于《西藏林芝市绿地系统规划》《西藏林芝市公园体系规划》《西藏林芝市生物多样性保护规划》《西藏林芝市国家园林城市申报近期建设规划》规划内容藏汉双语公示

发布时间:2026-01-22   浏览次数:   【字体:

关于《西藏林芝市绿地系统规划》《西藏林芝市公园体系规划》《西藏林芝市生物多样性保护规划》《西藏林芝市国家园林城市申报近期建设规划》规划内容藏汉双语公示

为全面提升林芝市的城市绿地规划建设水平,保护和改善城市生态环境、优化城市人居环境、促进城市可持续发展,林芝市城市管理局根据《林芝市国土空间总体规划(2021—2035年)》及其他相关规划资料,编制了《西藏林芝市绿地系统规划》《西藏林芝市公园体系规划》《西藏林芝市生物多样性保护规划》《西藏林芝市国家园林城市申报近期建设规划》。为进一步提高规划的科学性、可实施性及公众参与度,现将该规划藏汉双语版进行公示,广泛征求各界意见建议,相关公示信息如下。
一、公示时间
2026年1月22日——2026年2月5日。
二、公众意见反馈方式
电子邮件反馈:Linzhiylcs@126.com,邮件标题请注明“四个规划”等意见建议字样。
电话联系反馈:央女士(0894-5885175)

附件:1.《西藏林芝市绿地系统规划、西藏林芝市公园体系规划、西藏林芝市生物多样性规划、西藏林芝市国家园林城市申报近期建设规划》公示内容


林芝市城市管理局   
2026年1月22日  

《西藏林芝市绿地系统规划》《西藏林芝市公园体系规划》《西藏林芝市生物多样性规划》《西藏林芝市国家园林城市申报近期建设规划》
《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྔོ་སའི་མ་ལག་འཆར་འགོད་དང་》《སྤྱི་གླིང་མ་ལག་འཆར་འགོད》《སྐྱེ་དངོས་སྣ་མང་རང་བཞིན་འཆར་འགོད》《རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་རིང་མིན་འཛུགས་སྐྲུན་གྱི་འཆར་འགོད་རེ་ཞུ》

སྤྱི་དམངས་ཀྱི་བསམ་འཆར་ལན་སྤྲོད་བྱེད་ཐབས།
1.གློག་རྡུལ་སྦྲག་སྐུར་ལན་སྤྲོད། Linzhiylcs@126.com
2.ཁ་པར་འབྲེལ་གཏུག་ལན་སྤྲོད། ཀྲུའུ་རེན་གཡང་སྒྲོན། 0894-5885175

公众意见反馈方式
1.电子邮件反馈:Linzhiylcs @126.com
2.电话联系反馈:央珍主任,0894-5885175

《西藏林芝市城市绿地系统规划》
一、规划范围
1.市辖区:即巴宜区,包含2个街道、4个镇、3个乡,即白玛岗街道、觉木街道、林芝镇、百巴镇、八一镇、鲁朗镇、更章门巴民族乡、布久乡、米瑞乡。规划总面积约8560平方千米。
2.中心城区:与国土空间总体规划中心城区范围相衔接,包括白玛岗街道、觉木街道,以及八一镇、林芝镇、布久乡三乡镇的部分区域,规划总面积95.23平方千米。其中,规划建设用地面积约28.54平方千米。
《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་སའི་
མ་ལག་འཆར་འགོད 》

གཅིག འཆར་འགོད་ཁྱབ་ཁོངས།
1.གྲོང་ཁྱེར་མངའ་ཁོངས། བྲག་ཡིབ་ཆུད་ཡིན་ཞིང་། དེའི་ནང་ཁྲོམ་ལམ་2དང་། གྲོང་རྡལ་4ཤང་3ཚུད་ཡོད་སྟེ། པད་མ་སྒང་ཁྲོམ་ལམ་དང་། ཇོ་མོ་ཁྲོམ་ལམ། ཉིང་ཁྲི་གྲོང་རྡལ། སྦེ་པ་གྲོང་རྡལ། དྲག་ཡིབ་གྲོང་རྡལ། ཀླུ་ནང་གྲོང་རྡལ། དགུན་ཚང་མོན་པ་མི་རིགས་ཤང་། བུ་ཆུ་ཤང་། སྨན་རི་ཤང་བཅས་ཡིན། འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་ཧ་ལམ་སྟོང་སྨི་གྲུ་བཞི་མ་8560ཡིན།
2.ལྟེ་བའི་གྲོང་ཁྱེར། རྒྱལ་ཁབ་ས་ཆ་བར་སྟོང་གི་སྤྱིའི་འཆར་འགོད་ལྟེ་བའི་གྲོང་ཁུལ་གྱི་ཁྱབ་ཁོངས་དང་འབྲེལ་མཐུད་བྱེད་རྒྱུ། དེའི་ནང་པད་མ་སྒང་ཁྲོམ་ལམ་དང་།  ཇོ་མོའི་ཁྲོམ་ལམ། དེ་བཞིན་བྲག་ཡིབ་གྲོང་རྡལ་དང་། ཉིང་ཁྲི་གྲོང་རྡལ། བུ་ཆུ་ཞང་བཅས་ཤང་གསུམ་གྱི་ས་ཁོངས་ཁག་གཅིག་ཚུད་ཡོད། འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་གྲུ་བཞི་མ་95.23ཡོད། དེའི་ནང་འཆར་འགོད་འཛུགས་སྐྲུན་གྱི་ས་ཆའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་28.54ཙམ་ཡོད།
二、规划期限
规划期限:2024-2035年。其中近期2024-2027年。
གཉིས། འཆར་འགོད་དུས་ཚད།
འཆར་འགོད་དུས་ཚད། 2024ལོ་ནས་2035ལོ་བར། དེའི་ནང་ཉེ་དུས་ཀྱི་2024ལོ་ནས་2027ལོ་བར་ཡིན།
三、规划目标
以“雪山脚下的桃花源”为目标愿景,通过“一季盛景,四季变化”的绿地景观建设,构筑“山林环城、蓝绿织城、桃园满城”的美好图景。围绕“建设具有雪域高原特色宜居宜业宜游的国际生态文化旅游目的地”目标,全面建成绿色生态网络健康稳固、绿色服务普惠共享、桃花文化精彩纷呈的活力公园城市,建设以人为本、高质量发展、绿色和谐的西藏园林城市建设发展新样板。
གསུམ། འཆར་འགོད་དམིགས་འབེན།
“གངས་རིའི་འདབས་ཀྱི་ཁམ་བུའི་མེ་ཏོག་གི་ལྡུམ་ར”དམིགས་ཚད་དུ་བྱས་ཏེ“དུས་ཚིགས་གཅིག་གི་མཛེས་ལྗོངས་དང་དུས་བཞིའི་འགྱུར་ལྡོག”གི་སྔོ་ལྗང་མཛེས་ལྗོངས་འཛུགས་སྐྲུན་བྱས་ནས། “ནགས་རིས་གྲོང་ཁྱེར་སྐོར་བ་དང་།  སྔོ་ལྗང་གིས་གྲོང་ཁྱེར་བརྒྱན་པ། གྲོང་ཁྱེར་ནང་ཁམ་བུའི་ལྡུམ་རས་ཁེངས་པའི”མཛེས་སྡུག་ལྡན་པའི་རྣམ་པ་ཞིག་བཏོད་རྒྱུ།“གངས་ལྗོངས་ས་མཐོའི་ཁྱད་ལྡན་གནས་སྡོད་ལས་འཚམ་དང་། ཡུལ་སྐོར་རུང་བའི་རྒྱལ་སྤྱིའི་སྣོད་བཅུད་རིག་གནས་ཡུལ་སྐོར་དམིགས་ས་འཛུགས་པའི”དམིགས་ཚད་ལ་གཞིགས་ནས། ལྗང་མདོག་སྣོད་བཅུད་དྲ་རྒྱ་སྐྱོན་བྲལ་དང་བརྟན་པོ་དང་། ལྗང་མདོག་ཞབས་ཞུ་ཀུན་ཕན་མཉམ་སྤྱོད། ཁམ་བུའི་མེ་ཏོག་རིག་གནས་ངོ་མཚར་ཆེ་བའི་གསོན་ཤུགས་ལྡན་པའི་སྤྱི་གླིང་གྲོང་ཁྱེར་ཕྱོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། མི་རྩ་བར་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། ལྗང་མདོག་ཞི་མཐུན་བཅས་ཀྱི་བོད་ཀྱི་སྐྱེད་ཚལ་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དཔེ་མཚོན་གསར་པ་ཞིག་བསྐྲུན་རྒྱུ།
四、规划指标
至2035年,中心城区城镇建设用地范围内人均公园绿地面积不低于14平方米。城市绿地率大于40%,城市绿化覆盖率大于43%。中心城区城市公园绿地和广场用地500米服务半径覆盖居住用地的比例不低于95%,城市道路绿化达标率达到90%,城市林荫路覆盖率达到80%。
བཞི། འཆར་འགོད་དམིགས་ཚད།
2035ལོར་སླེབས་སྐབས་ལྟེ་བའི་གྲོང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གྱི་ས་ཆའི་ཁྱབ་ཁོངས་ནང་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་སའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ14ལས་མི་དམའ་བ་དང་། གྲོང་ཁྱེར་གྱི་སྔོ་ལྗང་བྱེད་ཚད་40%ལས་ཆེ་བ། གྲོང་ཁྱེར་གྱི་སྔོ་ལྗང་ཁྱབ་ཚད་43%ལས་མི་དམའ་བ། ལྟེ་བའི་གྲོང་གྲོང་ཁྱེར་གྱི་སྤྱི་གླིང་གི་སྔོ་ས་དང་ཐང་ཆེན་ལ་སྤྱོད་པའི་ས་ཆ་སྨི་500ཡི་ཞབས་ཞུའི་ཚངས་ཕྱེད་ཀྱིས་སྡོད་གནས་ས་ཆ་བཀབ་པའི་བསྡུར་ཚད་95%ལས་མི་དམའ་བ་དང་། གྲོང་ཁྱེར་གྱི་འགྲོ་ལམ་སྔོ་ལྗང་ཚད་90%ཟིན་པ། གྲོང་ཁྱེར་དུ་ལྗོན་ཤིང་ཁེབས་ཚད་80%ཟིན་པ་བྱ་རྒྱུ།
五、规划主要内容
(一)市辖区绿地系统规划
市辖区构建“两屏两区、三带多支、多点联动”的绿地生态网络,实现“山水林田湖”一体的斑块、廊道和基质相结合的生态格局。“两屏”主要包括西藏工布自治区级自然保护区、雅鲁藏布大峡谷国家级自然保护区。“两区”指色季拉国家级森林公园、雅尼国家级湿地公园两个生态区。“三带”包括雅鲁藏布江、帕隆藏布江、尼洋河共三条河流水系生态带。“多支”包括几布雄、则弄、白雍、尼西曲、八及曲、林芝沟、拉月曲、鲁朗河等多条支流河流水系生态廊道。“多点”指依托现状林海、湖泊等多处生态资源节点。
市辖区构建“六片区多节点,一心双环”的绿地游憩网络。即依托景区公园和小镇乡村,打造高原特色旅游目的地。
ལྔ། འཆར་འགོད་ནང་དོན་གཙོ་བོ།
(གཅིག) གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་སྔོ་ས་མ་ལག་འཆར་འགོད།
གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་དུ་“བཅད་གཉིས་ཁུལ་གཉིས་དང་། རྒྱུད་གསུམ་ཡན་ལག་མང་པོ། ཚེག་མང་པོ་མཉམ་འགྲུལ”གྱི་སྔོ་ས་སྣོད་བཅུད་དྲ་རྒྱ་བསྐྲུན་ནས“རི་ཆུ་ནགས་ཞིང་མཚེའུ”གཞི་གཅིག་ཅན་གྱི་ཁྲ་ཐིག་དང་། བར་ཁྱམས། རྨང་རྫས་བཅས་ཟུང་འབྲེལ་བྱེད་པའི་སྣོད་བཅུད་རྣམ་པ་མངོན་འགྱུར་བྱེད་རྒྱུ། “བཅད་གཉིས་”ནང་གཙོ་བོ་བོད་ལྗོངས་ཀོང་པོའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ལྗོངས་དང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཚུད་ཡོད། “ཁུལ་གཉིས”ཞེས་པ་ནི་གསེར་སྐྱེམས་ལའི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དང་ཡར་ཉང་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་གཉིས་ཀྱི་སྐྱེ་ཁམས་ཁུལ་ལ་ཟེར། “རྒྱུད་གསུམ་”ནང་ཡར་ཀླུང་གཙང་པོ་དང་། ཕར་ལུང་གཙང་པོ། ཉང་ཡུལ་གཙང་པོ་བཅས་ཁྱོན་བསྡོམས་ཆུ་བོ་གསུམ་གྱི་ཆུའི་མ་ལག་གི་སྐྱེ་ཁམས་ས་ཁུལ་ཚུད་ཡོད། “ཡན་ལག་མང་པོའི”ཁོངས་སུ་སྐྱི་འབུ་གཞུང་དང་། རྩེ་སྣང་། པའེ་ཡུང་། ཉི་ཤིས་ཆུ། བརྒྱད་ཆུ། ཉིང་ཁྲིའི་རོང་། ལྷ་གུང་ཆུ། ཀླུ་ནང་ཆུ་བོ་སོགས་ཆུ་ལག་མང་པོའི་ཆུ་བོའི་མ་ལག་གི་སྐྱེ་ཁམས་བར་ཁྱམས་ཚུད་ཡོད། “གནས་མང་པོ”ཞེས་པ་ནི་ད་ལྟའི་གནས་ཚུལ་ལ་བརྟེན་པའི་ནགས་མཚོ་དང་མཚེའུ་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་སྦྲེལ་ཚིགས་མང་པོ་ཞིག་ལ་ཟེར།
གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་གྱིས“ཁུལ་དྲུག་སྦྲེལ་ཚིགས་མང་བ། ལྟེ་བ་གཅིག་ལ་བསྐོར་གཉིས”ཀྱི་སྔོ་ས་སྤྲོ་གསེང་དྲ་རྒྱ་འཛུགས་རྒྱུ། གྲོང་རྡལ་དང་གྲོང་གསེབ་ལ་བརྟེན་ནས་མཛེས་ལྗོངས་ཁུལ་གྱི་སྤྱི་གླིང་བསྐྲུན་ཏེ་མཐོ་སྒང་གི་ཁྱད་ལྡན་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུ།
(二)中心城区核心区绿地系统空间结构
中心城区核心区重点通过“绿轴织翠环”,建设“一核三轴一环”的公园城市。“一核”,即以比日山为中心,构建山水文化绿核。
“三轴”,即通过构建缝合两岸山水的3条绿轴,重点彰显地域文化特色、引导结构性绿地布局、强化公园多重功能、塑造城市绿色客厅。包括老城和觉木片区的福清河绿轴,以凸显民族共建文化为主;联系新区和东如片区的工布公园绿轴,以彰显工布文化为主;联系永久和巴吉片区的七彩公园绿轴,以体现桃花文化为主。
“一环”,即打造环山绕水的山水翠环,通过绿道有机联系各类文化旅游核心景观和游憩空间,强化近山、亲水的公园绿地游憩功能。
(གཉིས།) ལྟེ་བའི་གྲོང་ཁུལ་གྱི་ལྟེ་གནས་ཁུལ་སྔོ་སའི་མ་ལག་གི་བར་སྟོང་སྒྲིག་གཞི།
ལྟེ་བའི་གྲོང་ཁུལ་གྱི་ལྟེ་གནས་ཁུལ་དུ་གཙོ་གནད་“ལྗང་མདོག་གི་གདུབ་ལྗོངས”བརྒྱུད། “ལྟེ་གཅིག་འཁོར་གསུམ་དང་གདུབ་གཅིག”གི་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ། “ལྟེ་བ་གཅིག”ནི་སྤྲེལ་རི་ལྟེ་བར་བྱས་ཏེ་རི་ཆུའི་རིག་གནས་ཀྱི་སྔོ་ལྗང་ཉིང་རྡུལ་འཛུགས་རྒྱུ།
“འཁོར་གསུམ”ཞེས་པ་ནི་ངོགས་གཉིས་ཀྱི་རི་ཆུ་དང་འཚེམ་པའི་ལྗང་གསུམ་བསྐྲུན་ནས།  ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་གཙོ་གནད་ཐོག་མངོན་པ་དང་། གྲུབ་ཚུལ་རང་བཞིན་གྱི་སྔོ་ས་བཀོད་སྒྲིག་ལ་ཁྲིད་སྟོན་བྱེད་པ། སྤྱི་གླིང་གི་ནུས་པ་མང་པོར་ཤུགས་སྣོན་དང་། གྲོང་ཁྱེར་གྱི་ལྗང་མདོག་མགྲོན་ཁང་བཏོད་པ། གྲོང་ཁྱེར་རྙིང་པ་དང་ཇོ་མོ་ས་ཁུལ་གྱི་ཕུའུ་ཆིང་གཙང་པོའི་ལྗང་འཁོར་ཚུད་པའི་མི་རིགས་ཀྱི་མཉམ་སྐྲུན་རིག་གནས་མངོན་གསལ་དོད་དུ་གཏོང་རྒྱུ་གཙོ་བོར་འཛིན་པ། ཁུལ་གསར་པ་དང་དུང་རི་ཁུལ་གྱི་ཀོང་པོའི་རིག་གནས་སྤྱི་གླིང་ལྗང་འཁོར་དང་འབྲེལ་ཏེ་ཀོང་པོའི་རིག་གནས་གཙོ་བོ་མངོན་པར་བྱས་ནས། ཡུལ་མཇུག་དང་བྲག་ཕྱི་ཁུལ་གྱི་ཚོན་ལྡན་སྤྱི་གླིང་ལྗང་འཁོར་དང་འབྲེལ་ནས་ཁམ་བུའི་མེ་ཏོག་གི་རིག་གནས་གཙོ་བོ་མཚོན་པར་བྱེད་རྒྱུ།
“གཅིག་སྣེ”ཞེས་པ་ནི་རི་ཆུའི་སྐོར་ལྗང་ལམ་བརྒྱུད་ནས་རིག་གནས་ཡུལ་སྐོར་གྱི་ལྟེ་བའི་ལྗོངས་གཟིགས་དང་ངལ་གསོའི་བར་ཁྱམས་བཟོས་ཏེ། རི་ཆུ་དང་ཉེ་བའི་སྤྱི་གླིང་དང་སྔོ་སའི་ངལ་གསོའི་བྱེད་ནུས་ཆེ་རུ་གཏོང་རྒྱུ།
(三)中心城区绿地分类规划
系统布局公园绿地、防护绿地、广场用地、附属绿地和其他绿地,实现各类绿地功能互补、协同发展。
公园绿地:规划至2035年,共设置各类公园80余处。综合公园、社区公园、专类公园、游园、郊野公园等各类公园绿地布局均衡,类型丰富多样,功能完善且特色鲜明,满足不同年龄段、不同需求的市民和游客使用。
防护绿地:以防护功能为主,自成体系,包括公路防护绿地、铁路防护绿地、组团市政设施防护林地等,有效保护城市基础设施,减少自然灾害与环境污染对城市的影响。
广场用地:打造鲜明的标志性特征,以举办各类活动为主要功能,是城市公共活动的重要场所,能够有效聚集人气,提升城市活力。
附属绿地:提升绿地品质,通过对单位附属绿地、居住区附属绿地等的改造与提升,增加城市绿量,改善周边环境。
其他绿地:以比日山森林公园和滨尼洋河生态公园为景观依托,建设郊野绿环,为市民提供休闲、康养等户外活动空间,体现“城在园中”的中心城区生态格局。
(གསུམ།) ལྟེ་བའི་གྲོང་ཁུལ་གྱི་སྔོ་ས་རིགས་དབྱེ་འཆར་འགོད།
སྤྱི་གླིང་གི་སྔོ་ས་དང་། འགོག་སྲུང་སྔོ་ས། ཐང་ཆེན་སྤྱོད་ས། ཞོར་གཏོགས་སྔོ་ས་དང་སྔོ་ས་གཞན་དག་བཅས་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ ། རིགས་འདྲི་མིན་གྱི་སྔོ་སའི་ནུས་པ་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་རྒྱུ།
སྤྱི་གླིང་གི་སྔོ་ས། 2035ལོ་བར་འཆར་འགོད་བྱས་ནས། རིགས་མི་འདྲ་བའི་སྤྱི་གླིང་80ལྷག་ཙམ་འཛུགས་རྒྱུ། ཕྱོགས་བསྡུས་སྤྱི་གླིང་དང་། སྡེ་ཁུལ་སྤྱི་གླིང་། ཆེད་ལས་རིགས་ཀྱི་སྤྱི་གླིང་། ཡུལ་སྐོར་གླིང་། གྲོང་འདབས་སྤྱི་གླིང་སོགས་སྤྱི་གླིང་རིགས་མི་འདྲ་བའི་སྔོ་ས་བཀོད་སྒྲིག་དོ་མཉམ་དང་། སྣ་མང་ཕུན་སུམ་ཚོགས་པ། ནུས་པ་ཚང་བ་མ་ཟད་ཁྱད་ཆོས་མངོན་གསལ་དོད་པོས་ལོ་ན་མི་གཅིག་པ་དང་དགོས་མཁོ་མི་འདྲ་བའི་གྲོང་མི་དང་ཡུལ་སྐོར་བའི་དགོས་མཁོ་སྐོང་རྒྱུ།
འགོག་སྲུང་སྔོ་ས། འགོག་སྲུང་ནུས་པ་གཙོ་བོར་བཟུང་སྟེ། གཞུང་ལམ་གྱི་སྔོ་ས་འགོག་སྲུང་དང་། ལྕགས་ལམ་གྱི་སྔོ་ས་འགོག་སྲུང་། ཚོགས་སྒྲིག་གྲོང་ཁྱེར་དོ་དམ་སྒྲིག་བཀོད་ཀྱི་འགོག་སྲུང་ནགས་ཁུལ་སོགས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་ནུས་ལྡན་བྱས་ཏེ། རང་བྱུང་གི་གནོད་འཚེ་དང་ཁོར་ཡུག་སྦགས་བཙོག་གིས་གྲོང་ཁྱེར་ལ་ཐེབས་པའི་ཤུགས་རྐྱེན་ཉུང་དུ་གཏོང་རྒྱུ།
ཐང་ཆེན་སྤྱོད་ས། མངོན་གསལ་དོད་པའི་མཚོན་རྟགས་རང་བཞིན་གྱི་ཁྱད་ཆོས་བེད་སྤྱད་དེ། བྱེད་སྒོ་སྣ་ཚོགས་སྤེལ་བའི་བྱེད་ནུས་གཙོ་བོར་བྱས་ནས། གྲོང་ཁྱེར་གྱི་སྤྱི་སྤྱོད་བྱེད་སྒོའི་གལ་ཆེའི་གནས་ཡུལ་དུ་མི་སེམས་ལ་བདེ་སྣང་སྤྲོད་ཐུབ་པ་དང་།  གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་ཆེ་རུ་གཏོང་རྒྱུ།
ཞོར་གཏོགས་སྔོ་ས། སྔོ་སའི་སྤུས་ཚད་མཐོ་རུ་བཏང་སྟེ། ཚན་པའི་ཞོར་གཏོགས་སྔོ་ས་དང་། སྡོད་ཁུལ་གྱི་ཞོར་གཏོགས་སྔོ་ས་སོགས་བསྒྱུར་བཀོད་མཐོ་རུ་གཏོང་བ་བརྒྱུད། གྲོང་ཁྱེར་གྱི་སྔོ་སྒྱུར་བྱེད་ཚད་མང་དུ་གཏོང་བ་དང་། མཐའ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ།
སྔོ་ས་གཞན་དག སྤྲེལ་རིའི་ནགས་ཚལ་སྤྱི་གླིང་དང་ཉང་ཆུའི་སྣོད་བཅུད་སྤྱི་གླིང་མཛེས་ལྗོངས་ཀྱི་རྟེན་གཞིར་བྱས་ཏེ། གྲོང་འདབས་ཀྱི་ལྗང་སྣེ་འཛུགས་སྐྲུན་བྱེད་པ། གྲོང་མིར་སྤྲོ་གསེང་དང་བདེ་ཐང་གསོ་སྐྱོང་སོགས་ཕྱི་རོལ་བྱེད་སྒོའི་བར་སྟོང་མཁོ་འདོན་བྱས་ནས། “གྲོང་ཁྱེར་ལྡུམ་རའི་ནང་དུ་ཆགས”པའི་ལྟེ་བའི་གྲོང་ཁུལ་གྱི་སྣོད་བཅུད་རྣམ་པ་མཚོན་པ་བྱ་རྒྱུ།
(四)重点专业规划
结合林芝市中心城区公园绿地生态格局与植被特征,开展多项专业规划。
绿地景观风貌规划:中心城区重点构建桃花城营造场景,凸显林芝桃花文化特色。设置桃花打卡点,重点建设桃花主题场景,加强绿色植物的映衬,丰富公园绿地的景观性、艺术性和主题性,并为桃花节相关活动组织预留空间。
道路景观风貌规划:园林景观路(迎宾景观大道)包括尼洋大道、南粤大道、迎宾大道、和谐路、广州大道、八一大街、广福大道、和谐路、福建路、福州大道、白马岗路等。生活林荫路包括宇拓路、平安路、德吉路、广东路、尼池路、工布民俗街等与居民生活密切的城市道路。滨水临山景观路包括福清河路、滨河路、G318国道、林拉公路等。
树种规划:以市树林芝云杉、市花光核桃为主,明确6种基调树种、13种骨干树种。增强植物景观丰富度,重点补植不同花期的桃树,以及樱花、枫树等彩花、彩叶植物,延长整体花期,达到“四季有景”。
立体绿化:主要包括公共建筑提升型、特色道路提升型与环境整治提升型等类型。建议重点选择公共建筑、沿主干路、沿河等区域。鼓励更新地区探索多元化的立体绿化形式。
绿道规划:建设滨水休闲绿道、郊野生态绿道、城市生活绿道和公园绿地内部绿道四类绿道。市辖区依托绿道打造具有林芝特色的生态旅游线路,使绿道成为连接各个旅游景点的重要纽带。中心城区建设城市活力绿廊,促进公园绿地和各类公共活动空间有机连通,形成高质量的游憩空间网络。
古树名木保护规划:系统开展中心城区古树名木普查建档,实施分级保护措施,重点保护具有历史文化价值的古树群落。提升古树名木科学养护水平,挖掘文化内涵,加强科普宣传。
海绵城市规划:中心城区规划海绵公园共13处,海绵广场5处,绿色街道5条,并开展福清河及支渠、永清河、银久弄巴河等水系廊道的海绵改造。构建“渗、滞、蓄、净、用、排”一体化的雨水管理体系,提升绿地系统对雨水的吸纳和调蓄能力。
防灾避险功能绿地规划:按照“分级规划、有序防灾、安全优先、均衡布局、平灾结合、功能复合”原则,布局防灾避险公园19个,构建覆盖城区的多级避险绿地体系。
(བཞི།) གཙོ་གནད་ཆེད་ལས་འཆར་འགོད།
ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་སྤྱི་གླིང་སྔོ་སའི་སྣོད་བཅུད་རྣམ་པ་དེ་སྔོ་ཁེབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཆེད་ལས་འཆར་འགོད་མང་པོ་སྤེལ་བ།
སྔོ་སའི་མཛེས་ལྗོངས་རྣམ་པ་འཆར་འགོད། ལྟེ་བའི་གྲོང་ཁུལ་དུ་གཙོ་བོ་ཁམ་བུ་མེ་ཏོག་གྲོང་ཁྱེར་བསྐྲུན་ནས་ཉིང་ཁྲི་ཁམ་བུའི་མེ་ཏོག་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ། ཁམ་བུའི་མེ་ཏོག་གི་གྰ་ཐོ་འགོད་ས་བཀོད་སྒྲིག་དང་། གཙོ་གནད་ཐོག་ཁམ་བུའི་མེ་ཏོག་བརྗོད་བྱ་གཙོ་བོའི་ཡུལ་ལྗོངས་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩི་ཤིང་མངོན་པར་ཤུགས་སྣོན་རྒྱག་པ། སྤྱི་གླིང་གི་ལྗང་མདོག་ཡུལ་ལྗོངས་རང་བཞིན་དང་། སྒྱུ་རྩལ་རང་བཞིན། བརྗོད་བྱ་གཙོ་བོའི་རང་བཞིན་བཅས་ཕུན་སུམ་ཚོགས་སུ་གཏོང་བ་མ་ཟད། ཁམ་བུའི་མེ་ཏོག་དུས་ཆེན་གྱི་འབྲེལ་ཡོད་བྱེད་སྒོའི་རྩ་འཛུགས་ལ་བར་སྟོང་སྔོན་ཉར་བྱེད་རྒྱུ།
འགྲོ་ལམ་མཛེས་ལྗོངས་རྣམ་པ་འཆར་འགོད། སྐྱེད་ཚལ་མཛེས་ལྗོངས་ལམ(སྐུ་མགྲོན་དགའ་བསུ་ཞུ་བའི་མཛེས་ལྗོངས་ལམ་ཆེན་མོ)ནང་ཉང་ཡུལ་ལམ་ཆེན་དང་། ཀོང་ཏུང་ལྷོ་མའི་ལམ་ཆེན། སྐུ་མགྲོན་དགའ་བསུ་ཞུ་བའི་ལམ་ཆེན། འཆམ་མཐུན་ལམ། ཀོང་ཀྲོའུ་ལམ་ཆེན། བྲག་ཡིབ་ལམ་ཆེན། ཀོང་ཕུའུ་ལམ་ཆེན། འཆམ་མཐུན་ལམ། ཧྥུ་ཅན་ལམ། ཧྥུའུ་ཀྲོའུ་ལམ་ཆེན། པད་མ་སྒང་ལམ་སོགས་ཚུད་ཡོད། འཚོ་བའི་ལིན་དབྱིན་ལམ་གྱི་ཁོངས་སུ་ཡུས་ཐོ་ལམ་དང་། ཞི་བདེ་ལམ། བདེ་སྐྱིད་ལམ། ཀོང་ཏུང་ལམ། ཉིང་ཁྲི་ལམ། ཀོང་པོ་དམངས་སྲོལ་ཁྲོམ་གཞུང་སོགས་གྲོང་མིའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གྲོང་ཁྱེར་གྱི་འགྲོ་ལམ་ཚུད་ཡོད། གཙང་འགྲམ་མཛེས་ལྗོངས་ལམ་གྱི་ཁོངས་སུ་ཕུའུ་ཆིང་ཆུའི་ལམ་དང་། ཆུ་འགྲམ་ལམ། རྒྱལ་ལམ་G318གྱི་ལྷ་ས་དང་ཉིང་ཁྲི་གཞུང་ལམ་སོགས་ཚུད་ཡོད།
ཤིང་རིགས་འཆར་འགོད། གྲོང་ཁྱེར་གྱི་ནགས་ཤིང་གསོམ་ཤིང་དང་གྲོང་ཁྱེར་གྱི་མེ་ཏོག་སྟར་ཤིང་གཙོ་བོ་བྱས་ཏེ། རྩ་བའི་སྡོང་རིགས་6དང་རྐང་འཛིན་ཤིང་རིགས་13གཏན་འཁེལ་བྱས་ནས། རྩི་ཤིང་ཡུལ་ལྗོངས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། བཞད་དུས་མི་འདྲ་བའི་ཁམ་བུའི་སྡོང་བོ་དང་དེ་བཞིན་མེ་ཏོག་ཡིང་ཧྭ་དང་། ཇ་སྡོང་སེར་པོ་སོགས་ཚོན་ལྡན་མེ་ཏོག་དང་ཚོན་ལྡན་ལོ་མ་ཅན་གྱི་རྩི་ཤིང་གཙོ་གནད་ཐོག་གསབ་འཛུགས་བྱས་ཏེ། བཞད་ཡུན་རིང་བའི་མེ་ཏོག་གིས“དུས་བཞི”མཛེས་པར་བྱ་རྒྱུ།
འབུར་གསལ་སྔོ་སྒྱུར། གཙོ་བོ་སྤྱི་པའི་འཛུགས་སྐྲུན་མཐོར་འདེགས་རྣམ་པ་དང་། ཁྱད་ལྡན་འགྲོ་ལམ་མཐོར་འདེགས་རྣམ་པ། ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་རྣམ་པ་སོགས་ཚུད་ཡོད། སྤྱི་པའི་འཛུགས་སྐྲུན་དང་། གཞུང་ལམ་གཙོ་རྒྱུད། ཆུ་རྒྱུད་སོགས་ཀྱི་ས་ཁོངས་གཙོ་གནད་དུ་འདེམས་དགོས་པའི་གྲོས་འགོ་འདོན་པ། གསར་བརྗེས་ས་ཁུལ་གྱིས་སྣ་མང་ཅན་གྱི་འབུར་གསལ་རྣམ་པ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་རྒྱུ།
ལྗང་མདོག་ལམ་ཐིག་འཆར་འགོད། ཆུ་འགྲམ་གྱི་སྤྲོ་གསེང་ལྗང་མདོག་ལམ་དང་། གྲོང་འདབས་ཀྱི་སྣོད་བཅུད་ལྗང་མདོག་ལམ། གྲོང་ཁྱེར་འཚོ་བའི་ལྗང་མདོག་ལམ། སྤྱི་གླིང་སྔོ་སའི་ནང་ཁུལ་གྱི་ལྗང་མདོག་ལམ་བཅས་ལྗང་མདོག་ལམ་རིགས་བཞི་བསྐྲུན་རྒྱུ། གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་ལྗང་ལམ་ལ་བརྟེན་ནས་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཡུལ་སྐོར་ལམ་ཐིག་བསྐྲུན་ནས་ལྗང་ལམ་དེ་ཡུལ་སྐོར་མཛེས་ལྗོངས་ཁག་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་བ་བྱ་རྒྱུ། ལྟེ་བའི་གྲོང་ཁུལ་དུ་གྲོང་ཁྱེར་གྱི་གསོན་ཤུགས་ལྡན་པའི་ལྗང་མདོག་བར་ཁྱམས་བསྐྲུན་ནས་སྤྱི་གླིང་གི་སྔོ་ས་དང་སྤྱི་པའི་བྱེད་སྒོའི་བར་སྟོང་སྣ་ཚོགས་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་སྤྲོ་གསེང་བར་སྟོང་གི་དྲ་རྒྱ་ཆགས་པ་བྱ་རྒྱུ།
གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་འཆར་འགོད། ལྟེ་བའི་གྲོང་ཁུལ་གྱི་གནའ་བོའི་ཤིང་སྡོང་གྲགས་ཅན་ཡོངས་ཁྱབ་ཞིབ་བཤེར་དང་ཡིག་ཚགས་དང་།  རིམ་དབྱེ་སྲུང་སྐྱོང་བྱེད་ཐབས་ལག་བསྟར་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པའི་གནའ་བོའི་ཤིང་སྡོང་ཚོགས་ལ་གཙོ་གནད་དུ་སྲུང་སྐྱོང་བྱེད་རྒྱུ། གནའ་བོའི་ཤིང་སྡོང་གྲགས་ཅན་ཚན་རིག་དང་མཐུན་པའི་བདག་སྐྱོང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། རིག་གནས་ཀྱི་ནང་དོན་སྔོག་འདོན། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་རྒྱུ།
འགྱིག་བལ་གྲོང་ཁྱེར་འཆར་འགོད། ལྟེ་བའི་གྲོང་ཁུལ་དུ་འགྱིག་བལ་སྤྱི་གླིང་ཁྱོན་བསྡོམས་13དང་། འགྱིག་བལ་ཐང་ཆེན་5 ལྗང་མདོག་ཁྲོམ་གཞུང་5བཅས་འཆར་འགོད་བྱེད་པ་མ་ཟད། ཧྥུ་ཆིང་ཆུ་བོ་དང་དེ་བཞིན་ཡན་ལག་ཆུ་ཡུར་དང་ཡིན་ཅིའུ་ལུང་བྲག་ཆུ་སོགས་ཆུ་རྒྱུད་བར་ཁྱམས་ཀྱི་འགྱིག་བལ་བསྒྱུར་བཀོད་བྱ་རྒྱུ། “སིམ་པ་དང་། བཀག་པ། གསོག་པ། གཙང་བ། སྤྱོད་པ། ཕྱིར་གཏོང་བཅས་གཞི་གཅིག་ཅན་གྱི་ཆར་ཆུ་དོ་དམ་མ་ལག་བཙུགས་ནས་སྔོ་སའི་མ་ལག་གིས་ཆར་ཆུ་བསྡུ་ལེན་དང་སྙོམས་སྒྲིག་གསོག་འཇོག་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ།
གནོད་འགོག་ཉེན་གཡོལ་ནུས་པའི་སྔོ་ས་འཆར་འགོད། “རིམ་དབྱེའི་འཆར་འགོད་དང་། གོ་རིམ་ལྡན་པའི་གནོད་འགོག བདེ་འཇགས་སྔོན་ཐོབ། དོ་སྙོམས་བཀོད་སྒྲིག གནོད་འགོག་ཟུང་འབྲེལ། ནུས་པ་མཉམ་འདུས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། གནོད་འགོག་ཉེན་གཡོལ་སྤྱི་གླིང་19བཀོད་སྒྲིག་བྱས་ནས་གྲོང་ཁུལ་དུ་ཁྱབ་པའི་རིམ་པ་མང་བའི་ཉེན་འགོག་སྔོ་ས་མ་ལག་འཛུགས་རྒྱུ།


《西藏林芝市城市公园体系规划》

一、公园分类级配规划
构建“全域体系、级配科学”特色的公园分类体系,凸显“高原山水公园城市”特色。市辖区重点突出自然保育、生态修复,打造5处自然公园。中心城区重点突出优化级配、增量提质,细化专类公园,增加社区公园,重点增加游园数量,提升游园品质,凸显林芝文化特色。中心城区共建设各类公园绿地80余处,形成“5+21+7+49”的公园体系。
1. 自然公园:5处,包括西藏工布自治区级自然保护区、雅鲁藏布大峡谷国家级自然保护区、色季拉国家级森林公园、雅尼国家级湿地公园,以及正在建设中的林芝国家植物园。
2. 综合公园:5处,即工布公园、福建公园、七彩公园、宇拓公园和学海公园。
3. 社区公园:21处。其中老城片区6处,新区4处,永久片区8处,觉木片区2处,东如片区1处。
4. 专类公园:7处,其中老城片区3处,新区1处,永久片区1处,觉木片区1处,东如片区1处。其中儿童公园1个,体育公园2个,文化公园2个,花卉公园1个,动物园1个。
5. 游园:49个。并利用居住、公共服务设施等用地的附属绿地,挖潜边角地、空闲地、拆违腾退土地及其他可利用空间等,建设其他多个口袋公园。
《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་གླིང་མ་ལག་འཆར་འགོད།》

གཅིག སྤྱི་གླིང་རིགས་དབྱེ་རིམ་སྦྱོར་འཆར་འགོད།
“ས་ཁོངས་ཡོངས་ཀྱི་མ་ལག་དང་རིམ་སྦྱོར་ཚན་རིག”ཁྱད་ཆོས་ལྡན་པའི་སྤྱི་གླིང་གི་རིགས་དབྱེ་མ་ལག་བཙུགས་ནས“མཐོ་སྒང་རི་ཆུའི་སྤྱི་གླིང་གྲོང་ཁྱེར”ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱིས་རང་བྱུང་སྲུང་སྐྱོང་དང་སྣོད་བཅུད་ཉམས་གསོ་གཙོ་གནད་དུ་མངོན་གསལ་དོད་དུ་བཏང་ནས་རང་བྱུང་སྤྱི་གླིང་ལྔ་བསྐྲུན་རྒྱུ། ལྟེ་བའི་གྲོང་ཁུལ་དུ་གཙོ་གནད་ཐོག་རིམ་སྦྱོར་ལེགས་སུ་གཏོང་བ་དང་། སྤུས་འབྲས་འཕར་བ། ཆེད་རིགས་སྤྱི་གླིང་ཞིབ་ཕྲ་བཟོ་བ། སྡེ་ཁུལ་སྤྱི་གླིང་མང་དུ་གཏོང་བ། ཡུལ་སྐོར་གླིང་གི་གྲངས་འབོར་གཙོ་གནད་ཐོག་མང་དུ་གཏོང་བ། ཡུལ་སྐོར་གླིང་གི་སྤུས་ཚད་མཐོ་རུ་གཏོང་བ། ཉིང་ཁྲིའི་རིག་གནས་ཁྱད་ཆོས་འབུར་དུ་ཐོན་པ་བཅས་བྱ་རྒྱུ། ལྟེ་བའི་གྲོང་ཁུལ་དུ་རིགས་མི་འདྲ་བའི་སྤྱི་གླིང་སྔོ་ས་80ལྷག་ཙམ་བསྐྲུན་ནས“5+21+7+49”གྱི་སྤྱི་གླིང་མ་ལག་ཆགས་པ་བྱ་རྒྱུ།
1.རང་བྱུང་སྤྱི་གླིང་5སྟེ། བོད་ལྗོངས་ཀོང་པོའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། གསེར་སྐྱེམས་ལ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཡར་ཉང་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་། དེ་བཞིན་འཛུགས་སྐྲུན་བྱེད་བཞིན་པའི་ཉིང་ཁྲི་རྒྱལ་ཁབ་རྩི་ཤིང་གླིང་སོགས་ཡོད།
2.ཕྱོགས་བསྡུས་སྤྱི་གླིང་5སྟེ། ཀོང་པོའི་སྤྱི་གླིང་དང་། ཧྥུ་ཅན་སྤྱི་གླིང་། ཚོན་ལྡན་སྤྱི་གླིང་། ཡུས་ཐོ་སྤྱི་གླིང་། ཞུའེ་ཧའེ་སྤྱི་གླིང་བཅས་ཡིན།
3.སྡེ་ཁུལ་སྤྱི་གླིང་21སྟེ། དེའི་ནང་གྲོང་རྙིང་ཁུལ་དུ་6དང་། གྲོང་གསར་ཁུལ་དུ་4 ཡུལ་མཇུག་ཁུལ་དུ་ཁག་8ཇོ་མོ་ཁུལ་དུ་ཁག་2 དུང་རིའི་ཁུལ་དུ་1བཅས་ཡོད།
4.ཆེད་རིགས་སྤྱི་གླིང་7ཡོད་ཅིང་། དེའི་ནང་གྲོང་རྙིང་ཁུལ་3དང་། ཁུལ་གསར་ཁུལ་དུ་1 ཡུལ་མཇུག་ཁུལ་དུ1 ཇོ་མོ་ཁུལ་དུ་1 དུང་རིའི་ཁུལ་དུ1 དེའི་ནང་བྱིས་པའི་སྤྱི་གླིང་1དང་། ལུས་རྩལ་སྤྱི་གླིང་2 རིག་གནས་སྤྱི་གླིང་2 མེ་ཏོག་སྤྱི་གླིང་1 སྲོག་ཆགས་གླིང་1བཅས་ཡོད།
5.ཡུལ་སྐོར་གླིང་49སྟེ། སྡོད་གནས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་ཀྱི་ས་ཆའི་ཞོར་གཏོགས་སྔོ་ས་བེད་སྤྱོད་བྱས་ཏེ། མི་མངོན་པའི་ས་ཆ་དང་། ས་སྟོང་། ཁྲིམས་འགལ་ཕྱིར་སློག་བྱས་པའི་ས་ཞིང་དང་དེ་བཞིན་བེད་སྤྱོད་ཆོག་པའི་བར་སྟོང་གཞན་དག་སོགས་སྤྱད་དེ་ལམ་ཟུར་སྤྱི་གླིང་གཞན་དག་མང་ཙམ་བསྐྲུན་རྒྱུ།
二、公园场景营造
结合林芝实际,以建设“公园城市”为导向,重点营造雪域山水、藏地魅力、和谐人居和桃花之城四类公园场景。
(一)雪域山水场景
以自然公园与郊野公园为主要载体,营建自然生态空间,强化生态保育与自然体验。市辖区依托自然保护地等自然资源,差异化打造“三类四片”特色风貌区。采取水土流失防治、森林质量提升和湿地恢复与保护“三大措施”持续推动生态保护修复工程,优化生态环境。中心城区周边重点建设比日山森林公园、尼洋河生态公园两个郊野公园。此外,着重建设连山接水的绿道网络,促进公园绿地和各类公共活动空间有机连通。
(二)藏地魅力场景
以综合公园为主要载体,建设全城文化景观体系,丰富文化景观主题功能。在公园建设中按照“文化分区-文化节点-文化场景”等不同空间层次与重点,全面彰显林芝文化特色。重点构建工布公园、比日山森林公园、七彩公园等9个文化节点,着重凸显茶马文化、工布文化、宗教文化、红色文化、援藏文化和现代节庆文化6类文化主题特色。结合文化分区差异化开展公园改造和提升。通过非物质文化挖掘林芝文化内涵。对林芝地区的非物质文化遗产进行全面梳理,深入挖掘文化内涵。绿地服务设施与景观设计讲述“文化故事”,绿地功能组织体现“赏非遗、玩非遗”。
(三)和谐人居场景
以专类公园、社区公园为主要载体,完善服务设施,满足各类人群需求,实现全民共享。完善公园公共服务和基础设施,结合服务半径补充公园基础设施、公园体育运动设施、公园儿童游乐设施、无障碍适老化设施等相关配套设施。以实现“全龄友好”为目标, “嵌入式”增设满足儿童青少年、老年等不同人群、不同需求的场地与设施。重点建设福建公园、榕泉园、工布公园、七彩公园、宇拓公园、学海公园、觉木公园、东如公园、永久西带状公园9个全龄友好公园。
(四)桃花之城场景
以山边、水边、路边景观为主要载体,种植桃树为主体的彩叶彩花植物,靓化环境,打造桃花之城。中心城区构建“一轴、一带、一环、三廊”的桃花城营造结构,凸显林芝桃花文化特色。设置桃花打卡点,重点建设桃花主题场景,补植桃花为代表的彩花、彩叶植物,丰富公园绿地的景观性、艺术性和主题性,并为桃花节相关活动组织预留空间。
གཉིས། སྤྱི་གླིང་ཡུལ་ལྗོངས་འཛུགས་སྐྲུན།
ཉིང་ཁྲིའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “སྤྱི་གླིང་གྲོང་ཁྱེར”འཛུགས་སྐྲུན་བྱ་རྒྱུ་ཕྱོགས་སྟོན་དུ་བྱས་ཏེ། གངས་ལྗོངས་ཀྱི་རི་ཆུ་དང་། བོད་ཁུལ་གྱི་ཡིད་དབང་འཕྲོག་པའི་མཛེས་ལྗོངས། འཆམ་མཐུན་འཚོ་རུང་བ། ཁམ་བུ་མེ་ཏོག་གི་གྲོང་ཁྱེར་བཅས་སྤྱི་གླིང་གི་ཡུལ་ལྗོངས་རིགས་བཞི་གཙོ་གནད་དུ་བསྐྲུན་རྒྱུ།
(གཅིག) གངས་ལྗོངས་རི་ཆུའི་རྣམ་པ།
རང་བྱུང་སྤྱི་གླིང་དང་གྲོང་འདབས་སྤྱི་གླིང་གཞི་གཙོ་བོར་བྱས་ནས་རང་བྱུང་སྣོད་བཅུད་བར་སྟོང་བསྐྲུན་ཏེ། སྣོད་བཅུད་སྲུང་སྐྱོང་དང་རང་བྱུང་ཉམས་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་སོགས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས“རིགས་གསུམ་དང་ཁུལ་བཞིའི”ཁྱད་ལྡན་ཁུལ་བསྐྲུན་རྒྱུ། ས་ཆུ་ཤོར་བ་འགོག་བཅོས་དང་། ནགས་ཚལ་སྤུས་ཚད་མཐོར་འདེགས་གཏོང་བ། འདམ་ས་སླར་གསོ་དང་སྲུང་སྐྱོང་བཅས་ཀྱི་“བྱེད་ཐབས་ཆེན་པོ་གསུམ་”སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ། ལྟེ་བའི་གྲོང་ཁུལ་གྱི་མཐའ་འཁོར་དུ་སྤྲེལ་རིའི་ནགས་ཚལ་སྤྱི་གླིང་དང་ཉང་ཡུལ་གཙང་པོའི་སྐྱེ་ཁམས་སྤྱི་གླིང་གཉིས་གཙོ་གནད་དུ་འཛུགས་སྐྲུན་བྱེད་རྒྱུ། གཞན་ཡང་རི་ཆུ་སྦྲེལ་མཐུད་ཀྱི་ལྗང་ལམ་དྲ་རྒྱ་གཙོ་གནད་ཐོག་བསྐྲུན་ནས་སྤྱི་གླིང་གི་ལྗང་མདོག་དང་སྤྱི་པའི་བྱེད་སྒོའི་བར་སྟོང་སྣ་ཚོགས་འབྲེལ་མཐུད་དམ་ཟབ་བྱ་བར་སྐུལ་འདེད་གཏོང་རྒྱུ།
(གཉིས།) བོད་ཁུལ་གྱི་ཡིད་དབང་འཕྲོག་པའི་མཛེས་ལྗོངས།
ཕྱོགས་བསྡུས་སྤྱི་གླིང་གཞི་གཙོ་བོར་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་མཛེས་ལྗོངས་མ་ལག་འཛུགས་སྐྲུན་བྱས་ཏེ། རིག་གནས་མཛེས་ལྗོངས་བརྗོད་དོན་གཙོ་བོའི་ནུས་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། སྤྱི་གླིང་འཛུགས་སྐྲུན་ཁྲོད“རིག་གནས་ཁུལ་དབྱེ་བ།-རིག་གནས་ས་ཚིགས།-རིག་གནས་རྣམ་པ”སོགས་བར་སྟོང་གི་རིམ་པ་དང་གཙོ་གནད་མི་འདྲ་བ་གཞིར་བཟུང་། ཉིང་ཁྲིའི་རིག་གནས་ཁྱད་ཆོས་ཁྱོན་ཡོངས་ནས་མངོན་པ་བྱ་རྒྱུ། ཀོང་པོའི་སྤྱི་གླིང་དང་། སྤྲེལ་རིའི་ནགས་ཚལ་སྤྱི་གླིང་། ཚོན་ལྡན་སྤྱི་གླིང་སོགས་རིག་གནས་ཀྱི་ས་ཚིགས་9གཙོ་གནད་དུ་བསྐྲུན་ནས་ཇ་རྟའི་རིག་གནས་དང་། ཀོང་པོའི་རིག་གནས། ཆོས་ལུགས་རིག་གནས། གསར་རྗེའི་རིག་གནས། བོད་སྐྱོར་རིག་གནས། དེང་རབས་དུས་ཆེན་རིག་གནས་བཅས་རིག་གནས་བརྗོད་དོན་གཙོ་བོའི་ཁྱད་ཆོས་རིགས་6གཙོ་གནད་ཐོག་འབུར་དུ་ཐོན་པར་བྱ་རྒྱུ། རིག་གནས་ཁུལ་དབྱེ་ཁྱད་པར་ཅན་དང་ཟུང་འབྲེལ་བྱས་ནས་སྤྱི་གླིང་བསྒྱུར་བཀོད་མཐོ་རུ་གཏོང་རྒྱུ། དངོས་མིན་རིག་གནས་བརྒྱུད་ཉིང་ཁྲིའི་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱེད་རྒྱུ། ཉིང་ཁྲི་ས་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ནས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། སྔོ་ས་ཞབས་ཞུའི་སྒྲིག་བཀོད་དང་ཡུལ་ལྗོངས་ཇུས་འགོད་ཀྱིས“རིག་གནས་གཏམ་རྒྱུད”བརྗོད་པ་དང་སྔོ་སའི་ནུས་པའི་རྩ་འཛུགས་ཀྱི“མངོན་མིན་རིག་གནས་ཤུལ་བཞག་ལ་མྱོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་ལ་རོལ་བ”བྱ་རྒྱུ།
(གསུམ།) འཆམ་མཐུན་འཚོ་སྡོད་བྱེད་པའི་རྣམ་པ།
ཆེད་རིགས་སྤྱི་གླིང་དང་སྡེ་ཁུལ་སྤྱི་གླིང་གཞི་གཙོ་བོར་བྱས་ཏེ་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་མི་ཚོགས་ཀུན་གྱི་དགོས་མཁོ་སྐོང་སྟེ། དམངས་ཡོངས་ཀྱིས་མཉམ་སྤྱོད་མངོན་འགྱུར་ཡོང་བ་བྱ་རྒྱུ། སྤྱི་གླིང་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ཞབས་ཞུའི་ཚངས་ཕྱེད་དང་ཟུང་འབྲེལ་བྱས་ཏེ་སྤྱི་གླིང་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་གླིང་ལུས་རྩལ་སྒྲིག་བཀོད། སྤྱི་གླིང་བྱིས་པའི་རོལ་རྩེད་སྒྲིག་བཀོད། འགོག་རྐྱེན་མེད་པའི་རྒས་རྒོན་ལ་འཚམ་པའི་སྒྲིག་ཆས་སོགས་འབྲེལ་ཡོད་ལེ་ལག་ཁ་གསབ་བྱེད་རྒྱུ། “རྒན་གཞོན་མཛའ་མཐུན”མངོན་འགྱུར་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། བྱིས་པ་དང་གཞོན་ནུ་ལོ་ཆུང་། རྒན་རྒོན་སོགས་མི་ཚོགས་མི་འདྲ་བར་དགོས་མཁོ་མི་འདྲ་བ་སྐོང་པའི་ས་ཆ་དང་སྒྲིག་བཀོད་“ཕྲ་རྒྱན་རྣམ་པའི”ཐོག་གསར་དུ་འཛུགས་རྒྱུ། ཧྥུ་ཅན་སྤྱི་གླིང་དང་། རུང་ཆོན་སྤྱི་གླིང་། ཀོང་པོའི་སྤྱི་གླིང་། ཚོན་ལྡན་སྤྱི་གླིང་། གཡུ་ཐོག་སྤྱི་གླིང་། ཞུའེ་ཧའེ་སྤྱི་གླིང་། ཇོ་མོ་སྤྱི་གླིང་། དུང་རི་སྤྱི་གླིང་། ཡུལ་མཇུག་་ནུབ་ཁུལ་སྤྱི་གླིང་བཅས་ལོ་ན་ཀུན་ལ་བྱམས་པའི་སྤྱི་གླིང་9གཙོ་གནད་དུ་འཛུགས་སྐྲུན་བྱེད་རྒྱུ།
(བཞི།) ཁམ་བུའི་མེ་ཏོག་གྲོང་ཁྱེར་གྱི་རྣམ་པ།
རི་འདབས་དང་། ཆུ་འགྲམ། ལམ་འགྲམ་བཅས་ཀྱི་ཡུལ་ལྗོངས་གཞི་གཙོ་བོར་འཛིན་ཏེ། ཁམ་སྡོང་གཙོ་བོར་བྱས་པའི་ཚོན་ལྡན་ལོ་མ་ཅན་གྱི་ལྗོན་ཤིང་དང་མེ་ཏོག་ཚོན་ལྡན་གྱི་རྩི་ཤིང་འདེབས་འཛུགས་བྱས་ཏེ། ཁོར་ཡུག་མཛེས་པར་བྱས་ནས། ཁམ་བུའི་མེ་ཏོག་གི་གྲོང་ཁྱེར་བསྐྲུན་རྒྱུ། ལྟེ་བའི་གྲོང་ཁུལ་དུ“མདའ་གཅིག་དང་། རྒྱུད་གཅིག སྣེ་གཅིག བར་ཁྱམས་གསུམ”གྱི་ཁམ་བུའི་མེ་ཏོག་གྲོང་ཁྱེར་བསྐྲུན་པའི་གྲུབ་ཆ་བསྐྲུན་ནས་ཉིང་ཁྲིའི་ཁམ་བུ་མེ་ཏོག་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ། ཁམ་བུའི་མེ་ཏོག་གྭ་འཐོ་འགོད་ས་བཙུགས་ནས་ཁམ་བུའི་མེ་ཏོག་བརྗོད་བྱ་གཙོ་བོའི་ཡུལ་ལྗོངས་གཙོ་གནད་དུ་བཙུགས་ཏེ། ཁམ་བུའི་མེ་ཏོག་གི་གཙོ་བོ་བྱེད་པའི་ཚོན་ལྡན་མེ་ཏོག་དང་ཚོན་ལྡན་ལོ་མའི་རྩི་ཤིང་གསབ་འཛུགས་བཅས་བྱས་ཏེ། སྤྱི་གླིང་སྔོ་སའི་ཡུལ་ལྗོངས་རང་བཞིན་དང་། སྒྱུ་རྩལ་རང་བཞིན། བརྗོད་བྱ་གཙོ་བོའི་རང་བཞིན་བཅས་ཕུན་སུམ་ཚོགས་སུ་བཏང་ནས། ཁམ་བུའི་མེ་ཏོག་དུས་ཆེན་གྱི་འབྲེལ་ཡོད་བྱེད་སྒོ་སྒྲིག་འཛུགས་བྱེད་པར་བར་སྟོང་སྔོན་ཉར་བྱེད་རྒྱུ།



《西藏林芝市生物多样性保护规划》
一、规划目标
到2025年,初步建立林芝市生物多样性保护管理体系。到2035年,生物多样性保护政策、制度、标准和监测体系全面完善,完善以自然保护地为主体的就地保护体系,西藏工布自治区级自然保护区、雅鲁藏布大峡谷国家级自然保护区、色季拉国家级森林公园、雅尼国家级湿地公园等生态系统,国家重点保护野生动植物、濒危野生动植物及其栖息地得到全面保护,生物遗传资源获取与惠益分享、可持续利用机制全面建立,保护生物多样性成为公民自觉行动。
二、生物多样性规划空间结构
(一)市辖区生物多样性总体格局
巴宜区生物多样性保护规划总体格局为“三带、多支、两屏、两区”。以雅鲁藏布江生态带、帕隆藏布江生态带、尼洋河生态带三条生态带为主,多条二、三级生态廊道为辅的廊道体系,依托现状湖泊等多处生态资源节点锚定生态功能节点。以西藏工布自治区级自然保护区、雅鲁藏布大峡谷国家级自然保护区为两屏,色季拉国家森林公园生态区、雅尼国家湿地公园生态区为两区,构筑生态安全屏障。
《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འཆར་འགོད།》
གཅིག འཆར་འགོད་དམིགས་ཚད།
2025ལོར་སླེབས་སྐབས། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དོ་དམ་མ་ལག་ཐོག་མ་འཛུགས་རྒྱུ། 2035ལོར་སླེབས་སྐབས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྲིད་ཇུས་དང་། ལམ་ལུགས། ཚད་གཞི། ལྟ་ཞིབ་མ་ལག་བཅས་ཁྱོན་ཡོངས་ནས་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་ས་གནས་དེ་གའི་སྲུང་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། བོད་ལྗོངས་ཀོང་པོའི་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། གསེར་སྐྱེམས་ལ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཡར་ཉང་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་སོགས་སྐྱེ་ཁམས་མ་ལག་དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་མེད་སྲོག་ཆགས། སྟོངས་ཉེར་ཡོད་པའི་བདག་མེད་སྲོག་ཆགས་དང་དེའི་འཚོ་གནས་ཁྱོན་ཡོངས་ནས་སྲུང་སྐྱོང་བྱས་ཏེ་སྐྱེ་དངོས་རྒྱུད་སྤེལ་ལ་ཐོན་ཁུངས་ཐོབ་པ་དང་ཕན་པ་ཐོབ་པ། རྒྱུན་མཐུད་བེད་སྤྱོད་བཅས་བྱེད་པའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་སྤྱི་དམངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་བ་བྱ་རྒྱུ།
གཉིས། སྐྱེ་དངོས་སྣ་མང་རང་བཞིན་གྱི་འཆར་འགོད་བར་སྟོང་གྲུབ་ཚུལ།
(གཅིག)གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱིའི་གནས་ཚུལ།
བྲག་ཡིབ་ཆུད་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འཆར་འགོད་སྤྱིའི་རྣམ་པ་ནི“རྒྱུད་གསུམ་དང་། ཡན་ལག་མང་པོ། ཤོག་གཉིས། ཁུལ་གཉིས”བཅས་ཡིན། ཡར་ཀླུང་གཙང་པོའི་སྣོད་བཅུད་རྒྱུད་དང་། ཕར་ལུང་གཙང་པོའི་སྣོད་བཅུད་རྒྱུད། ཉང་ཡུལ་གཙང་པོའི་སྣོད་བཅུད་རྒྱུད་བཅས་རྒྱུད་གསུམ་གཙོ་བོར་འཛིན་པ་དང་། རིམ་པ་གཉིས་པ་དང་གསུམ་པའི་སྣོད་བཅུད་བར་ཁྱམས་མང་པོ་ཞིག་གཞོགས་འདེགས་བྱེད་པའི་བར་ཁྱམས་མ་ལག་གིས་ད་ལྟའི་མཚེའུ་སོགས་སྣོད་བཅུད་ཐོན་ཁུངས་ཀྱི་སྦྲེལ་ཚིགས་མང་པོ་ཞིག་ལ་བརྟེན་ནས་སྣོད་བཅུད་ནུས་པའི་སྦྲེལ་ཚིགས་གཏན་འཁེལ་བྱེད་པ། བོད་ལྗོངས་ཀོང་པོ་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ཤོག་གཉིས་དང་། གསེར་སྐྱེམས་ལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སྣོད་བཅུད་ཁུལ་དང་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྣོད་བཅུད་ཁུལ་གཉིས་བྱས་ནས་སྣོད་བཅུད་བདེ་འཇགས་ཀྱི་བཀག་རྒྱ་བསྐྲུན་རྒྱུ།

生物多样性总体格局规划图
སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱིའི་ཆགས་ཚུལ་འཆར་འགོད་རི་མོ།

(二)中心城区生物多样性总体格局
巴宜区中心城区生物多样性总体格局为“一河两岸,山环水链,一园十核,多廊互联。”以尼洋河和两侧山体为依靠,中心城区被山体环绕、蓝绿水链联系山水空间,形成林芝独特山水格局。以林芝国家植物园为核心,以工布公园、福建公园、休闲公园等十个综合公园为主体的公园体系,并依托支流水系、林荫道和小型公园等,优化中心城区绿地系统空间结构,构建4级生态廊道,串联形成绿地网络。
(གཉིས།) ལྟེ་བའི་གྲོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱིའི་གནས་ཚུལ།
བྲག་ཡིབ་ཆུད་ལྟེ་བའི་གྲོང་ཁུལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཡོངས་རྣམ་པ་ནི“ཆུ་བོ་གཅིག་གི་ངོགས་གཉིས་དང་། རི་ཆུའི་སྦྲེལ་ཐག ལྡུམ་ར་གཅིག་དང་ལྟེ་བ་བཅུ། བར་ཁྱམས་མང་པོ་སྦྲེལ་མཐུད།”དང་། ཉང་ཡུལ་ཆུ་བོ་དང་ཕྱོགས་གཉིས་ཀྱི་རི་རྒྱུད་ལ་བརྟེན་ནས། ལྟེ་བའི་གྲོང་ཁུལ་རི་རྒྱུད་ཀྱིས་བསྐོར་བ་དང་སྔོ་ལྗང་རི་ཆུའི་བར་སྟོང་དང་འབྲེལ་བ། ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་རི་ཆུའི་རྣམ་པ་ཆགས་པ་བྱ་རྒྱུ། ཉིང་ཁྲིའི་རྒྱལ་ཁབ་རྩི་ཤིང་གླིང་ལྟེ་བར་བྱེད་པ་དང་། ཀོང་པོའི་སྤྱི་གླིང་དང་། ཧྥུ་ཅན་སྤྱི་གླིང་། སྤྲོ་གསེང་སྤྱི་གླིང་སོགས་ཕྱོགས་བསྡུས་སྤྱི་གླིང་བཅུ་གཙོ་གཟུགས་སུ་བྱེད་པའི་སྤྱི་གླིང་མ་ལག་སྐྲུན་ནས།  ཆུ་ལག་དང་། ལྗོན་གྲིབ་བགྲོ་ལམ། སྤྱི་གླིང་ཆུང་གྲས་སོགས་ལ་བརྟེན་ནས་ལྟེ་བའི་གྲོང་ཁུལ་གྱི་སྔོ་སའི་མ་ལག་གི་བར་སྟོང་གྲུབ་ཚུལ་ལེགས་སུ་བཏང་ནས། རིམ་པ་བཞི་ཡི་སྣོད་བཅུད་བར་ཁྱམས་བསྐྲུན་ནས་སྔོ་སའི་དྲ་རྒྱ་སྦྲེལ་མཐུད་བྱ་རྒྱུ།
三、重要生态系统和物种保护要求
(一)加强野生动物及其栖息地保护
1. 动物就地保护规划
加强重点保护鸟类栖息地与迁飞通道保护。以珍稀濒危鸟类(如玉带海雕、白肩雕、苍鹰、绯胸鹦鹉、灰腹角雉、四川雉鹑、红腹角雉、白腹锦鸡、黑鹇、白鹇、勺鸡、红喉雉鹑、棕尾虹雉、绿尾虹雉、雉鹑等)保护为重点,划建自然保护区、国家森林公园等自然保护地为重要鸟类栖息地。
加强重点保护哺乳动物及其栖息地保护。以喜马拉雅麝、林麂、马来水鹿、白唇鹿、西藏马鹿、喜马拉雅斑羚、喜马拉雅塔尔羊、岩羊、西藏盘羊、中华鬣羚、喜马拉雅鬣羚、藏原羚、白颊猕猴、喜山长尾叶猴、云猫、石貂、猞猁等珍稀濒危哺乳动物保护为重点,划建重要哺乳动物栖息地。
加强两栖爬行动物及其栖息地保护。以蝎尾蜥、西藏拟树蜥等珍稀濒危两栖爬行动物保护为重点,通过科学评估,划定并保护对两栖爬行动物至关重要的栖息地。
加强重点保护鱼类及其生境保护。划定并保护对重点保护鱼类至关重要的栖息地,如产卵场、育幼场和迁徙通道等,确保足够的生存和繁衍空间。
2. 动物迁地保护规划
加强迁地保护场所建设。建设高标准的珍稀濒危野生动物迁地保护示范基地。完善科研繁育基地,提升野生动物收容救护能力,健全野生动物收容救护网络。
གསུམ། སྐྱེ་ཁམས་མ་ལག་གལ་ཆེན་དང་སྐྱེ་དངོས་སྲུང་སྐྱོང་བླང་བྱ།
(གཅིག) རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།
1.སྲོག་ཆགས་རང་སར་སྲུང་སྐྱོང་འཆར་འགོད།
བྱ་རིགས་འཚོ་གནས་དང་གནས་སྤོའི་འཕུར་ལམ་སྲུང་སྐྱོང་གཙོ་གནད་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དཀོན་ཞིང་སྟོང་ཉེར་ཡོད་པའི་འདབ་ཆགས་རིགས་(དཔེར་ན་བྱ་གླག་དང་། བྱ་གོ་བོ། བྱ་རྒོད། ནེ་ཙོ་བྲང་དམར། སྦལ་ནག སི་ཁྲོན་སྲེག་པ། གསེ་བྱ། བྱ་ནག དེ་ཕོ་སོགས)སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་རྒྱུ་དེ་འདབ་ཆགས་ཀྱི་འཚོ་གནས་གལ་ཆེན་ཞིག་ཏུ་བརྩི་རྒྱུ།
གཙོ་གནད་ཐོག་འོ་འཐུང་སྲོག་ཆགས་དང་དེའི་འཚོ་གནས་ཁུལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཧི་མ་ལ་ཡའི་གླ་བ་དང་། ནགས་ཤྭ། མ་ལའེ་ཆུ་ཤྭ་བ། ཤྭ་བ་ཁ་དཀར། བོད་ལྗོངས་ཤྭ་བ། ཧི་མ་ལ་ཡའི་ར་རྒྱ། ཧི་མ་ལ་ཡའི་ཐལ་ལུག གནའ། བོད་ཀྱི་གཉན། ཀྲུང་ཧྭའི་རྒྱ་གོ་ར། ཧི་མ་ལ་ཡའི་རྒྱ་གོ་ར། བོད་ཀྱི་དགོ་སྐྱ། སྤྲེའུ་འགྲམ་དཀར། སྤྲེའུ་རྔ་རིང་། རིའི་ཞི་ལ། ཨོག་དཀར། གཡི་དཀར་སོགས་ཉེན་ཉེར་ཡོད་པའི་འོ་འཐུང་སྲོག་ཆགས་སྲུང་སྐྱོང་གཙོ་གནད་དུ་བཟུང་སྟེ་འོ་འཐུང་སྲོག་ཆགས་ཀྱི་འཚོ་གནས་གལ་ཆེན་འཛུགས་རྒྱུ།
སྐམ་ཆུ་གཉིས་འཚོའི་གོག་འགྲོའི་སྲོག་ཆགས་དང་དེའི་འཚོ་སྡོད་བྱ་ཡུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྡིག་རྔ་ད་བྱིད་དང་བོད་ཀྱི་སྡོང་འདྲ་ད་བྱིད་སོགས་རྩ་ཆེ་སྟོངས་ཉེར་ཡོད་པའི་འཚོ་གཉིས་གོག་འགྲོའི་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པ་བརྒྱུད་སྐམ་ཆུ་གཉིས་འཚོའི་གོག་འགྲོའི་སྲོག་ཆགས་ལ་གལ་འགངས་ཆེ་བའི་འཚོ་སྡོད་བྱ་ཡུལ་དབྱེ་འབྱེད་དང་སྲུང་སྐྱོང་བྱ་རྒྱུ།
གཙོ་གནད་ཐོག་ཉ་རིགས་དང་དེའི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉ་རིགས་ལ་གཙོ་གནད་སྲུང་སྐྱོང་བྱ་རྒྱུར་གལ་འགངས་ཆེ་བའི་འཚོ་གནས་ཁུལ་དཔེར་ན། ཁམས་དམར་གཏོང་ས་དང་། ཉ་ཕྲུག་གསོ་སྐྱོང་ར་བ། གནས་སྤོའི་བགྲོ་ལམ་སོགས་དབྱེ་འབྱེད་དང་སྲུང་སྐྱོང་བྱས་ཏེ་འཚོ་གནས་དང་སྐྱེ་འཕེལ་བར་སྟོང་འདང་ངེས་ཤིག་འགན་ལེན་བྱེད་རྒྱུ།
2.སྲོག་ཆགས་གནས་སྤོ་སྲུང་སྐྱོང་འཆར་འགོད།
གནས་སྤོ་སྲུང་སྐྱོང་བྱ་ཡུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་མཐོ་བའི་རྩ་ཆེའི་སྲོག་ཆགས་གནས་སྤོར་སྲུང་སྐྱོང་གི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། ཚན་རིག་ཞིབ་འཇུག་རྒྱུད་སྤེལ་རྟེན་གཞི་འཐུས་ཚང་དུ་གཏོང་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསྡུ་ཉར་སྐྱོབ་པའི་ནུས་པ་ཆེ་རུ་གཏོང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་བསྡུ་ཉར་བྱེད་པའི་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ།
(二)加强重点保护植物和种质资源保护
1. 植物就地保护规划
以雅鲁藏布大峡谷国家级自然保护区、尼洋河湿地公园、鲁朗森林公园等为核心区域,系统性保护巴宜区典型生态系统中本土野生植物群落及其原生境。持续开展本土植物种群动态监测、生境适应性研究及传统生态知识挖掘。制定名录,强化珍稀濒危野生植物管理。
2. 加强珍稀濒危植物迁地保护
建立巴宜区植物迁地保护基地,开展本土植物迁地保护研究,重点实施藏东南特有植物物种的收集、引种驯化与保育技术攻关。加强极小种群植物资源评估与保护,科学构建极小种群野生植物的迁地保护群落。抓紧推进林芝国家植物园的建设,建成我国西藏地区植物多样性收集、保存、科研和展示重要基地。
3. 加强古树名木保护
加大古树名木保护与抢救复壮力度。通过科学的方法和手段改善其生长状况,延长其生命周期。完善古树名木信息管理,提升精细化管理水平。完善“一树一档”信息,建立古树名木智慧管理信息平台。
4. 加强生物遗传资源与种质资源保护
加大生物遗传资源与种质资源收集、筛选与保护,开展重点林草种质资源补充调查,对重要生态和绿化功能乡土植物开展优良种质筛选和评价研究,建立人工繁殖技术体系。完善分类分级保护名录,建成原地保存、异地保存和设施保存相结合的生物遗传资源与种质资源保存体系。保护重要野生生物种质资源、乡土种资源、特色品种资源及其原生生境,维护种群自然繁殖与更新能力,保护遗传多样性。
(གཉིས།) རྩི་ཤིང་དང་སོན་རྫས་ཐོན་ཁུངས་གཙོ་གནད་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ།
1.རྩི་ཤིང་རང་སར་སྲུང་སྐྱོང་བྱེད་པའི་འཆར་འགོད།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཉང་ཡུལ་གཙང་པོའི་འདམ་རའི་སྤྱི་གླིང་། ཀླུ་ནང་ནགས་ཚལ་སྤྱི་གླིང་སོགས་ལྟེ་བའི་ས་ཁོངས་སུ་བྱས་ཏེ། བྲག་ཡིབ་ཁུལ་གྱི་དཔེ་མཚོན་སྐྱེ་ཁམས་མ་ལག་ཁྲོད་ཀྱི་་ཡུལ་དེ་གའི་རི་སྐྱེས་རྩི་ཤིང་ཁྱུ་ཚོགས་དང་དེའི་གདོད་མའི་སྐྱེ་ཁམས་ཁོར་ཡུག་མ་ལག་རང་བཞིན་ལ་སྲུང་སྐྱོང་བྱེད་རྒྱུ། ཡུལ་དེ་གའི་རྩི་ཤིང་ཁྱུ་ཚོགས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་འཚམ་མཐུན་རང་བཞིན་གྱི་ཞིབ་འཇུག སྲོལ་རྒྱུན་སྐྱེ་ཁམས་ཤེས་བྱ་སྔོག་འདོན་བཅས་མུ་མཐུད་དུ་སྤེལ་རྒྱུ། མིང་ཐོ་བཟོས་ནས་རྩ་ཆེ་སྟོངས་ཉེར་ཡོད་པའི་རི་སྐྱེས་རྩི་ཤིང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
2.རྩ་ཆེའི་སྟོངས་ཉེན་རྩི་ཤིང་གནས་སྤོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།
བྲག་ཡིབ་ཁུལ་གྱི་རྩི་ཤིང་གནས་སྤོ་སྲུང་སྐྱོང་རྟེན་གཞི་བཙུགས་ནས་ཡུལ་དེ་གའི་རྩི་ཤིང་གནས་སྤོ་སྲུང་སྐྱོང་ཞིབ་འཇུག་བྱས་ཏེ། བོད་ལྗོངས་ཤར་ལྷོའི་དམིགས་བསལ་གྱི་རྩི་ཤིང་དངོས་རིགས་བསྡུ་རུབ་དང་། རིགས་འདྲེན་འདུལ་གསོ། སྲུང་སྐྱོང་བཅས་ཀྱི་ལག་རྩལ་འགག་སྒྲོལ་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་རྒྱུ། རིགས་ཚོགས་ཤིན་ཏུ་ཆུང་བའི་རྩི་ཤིང་ཐོན་ཁུངས་ལ་དཔྱད་དཔོག་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་ཚོགས་ཤིན་ཏུ་ཆུང་བའི་རི་སྐྱེས་རྩི་ཤིང་གནས་སྤོ་སྲུང་སྐྱོང་ཁྱུ་ཚོགས་ཚན་རིག་དང་མཐུན་པའི་འཛུགས་སྐྱོང་བྱེད་པ། ཉིང་ཁྲི་རྒྱལ་ཁབ་རྩི་ཤིང་ལྡུམ་རའི་འཛུགས་སྐྲུན་ལ་སྐུལ་འདེད་དམ་འཛིན་བྱས་ཏེ་རང་རྒྱལ་བོད་ས་ཁུལ་གྱི་རྩི་ཤིང་སྣ་མང་རང་བཞིན་འཚོལ་སྡུད་དང་ཉར་ཚགས།  ཞིབ་འཇུག་འགྲེམས་སྟོན་བཅས་ཀྱི་རྟེན་གཞི་གལ་ཆེན་བསྐྲུན་རྒྱུ།
3.གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།
གནའ་བོའི་ཤིང་སྡོང་གྲགས་ཅན་སྲུང་སྐྱོང་དང་མྱུར་སྐྱོབ་བསྐྱར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་ཐབས་ཤེས་དང་བྱེད་ཐབས་ལ་བརྟེན་ནས་དེའི་སྐྱེ་འཚར་གྱི་གནས་ཚུལ་ལེགས་བཅོས་བྱས་ཏེ། ཚེ་སྲོག་འཁོར་ཡུན་རིང་དུ་གཏོང་རྒྱུ། གནའ་བོའི་ཤིང་སྡོང་གྲགས་ཅན་གྱི་ཆ་འཕྲིན་དོ་དམ་འཐུས་ཚང་དུ་བཏང་ནས་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ། “ཤིང་སྡོང་གཅིག་དང་ཡིག་ཚགས་གཅིག”གི་ཆ་འཕྲིན་འཐུས་ཚང་དུ་བཏང་ནས་གནའ་བོའི་ཤིང་སྡོང་གྲགས་ཅན་རིག་པས་དོ་དམ་ཆ་འཕྲིན་སྟེགས་བུ་བསྐྲུན་རྒྱུ།
4.སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་དང་སོན་རྫས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།
སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་དང་སོན་རྫས་ཐོན་ཁུངས་བསྡུ་རུབ་དང་། གདམ་གསེས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ནགས་རྩྭ་སོན་རྫས་ཐོན་ཁུངས་ཁ་གསབ་བརྟག་དཔྱད་བྱེད་པ། སྐྱེ་ཁམས་གལ་ཆེན་དང་སྔོ་ལྗང་བྱེད་ནུས་ལྡན་པའི་ཡུལ་དེ་གའི་རྩི་ཤིང་ལ་སྤུས་ལེགས་སོན་རྫས་གདམ་གསེས་དང་གདེང་འཇོག་ཞིབ་འཇུག་བྱས་ཏེ། མིས་བཟོས་སྐྱེ་འཕེལ་ལག་རྩལ་མ་ལག་འཛུགས་རྒྱུ། རིགས་དབྱེ་རིམ་དབྱེའི་སྲུང་སྐྱོང་མིང་ཐོ་འཐུས་ཚང་དུ་བཏང་ནས་ས་གནས་དེ་གའི་ཉར་ཚགས་དང་། ས་གནས་གཞན་གྱི་ཉར་ཚགས་དང་སྒྲིག་བཀོད་ཉར་ཚགས་བཅས་ཟུང་འབྲེལ་བྱེད་པའི་སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་དང་སོན་རྫས་ཐོན་ཁུངས་ཉར་ཚགས་མ་ལག་འཛུགས་རྒྱུ། རི་སྐྱེས་སྐྱེ་དངོས་སོན་རྫས་ཀྱི་ཐོན་ཁུངས་གལ་ཆེན་དང་། ཡུལ་དེ་གའི་སོན་རིགས་ཐོན་ཁུངས། ཁྱད་ལྡན་སོན་རིགས་ཐོན་ཁུངས། དེ་བཞིན་གདོད་སྐྱེས་སྐྱེ་ཁམས་བཅས་སྲུང་སྐྱོང་དང་། ཁྱུ་ཚོགས་ཀྱི་རང་བྱུང་སྐྱེ་འཕེལ་དང་གསར་སྒྱུར་ནུས་པ་སྲུང་སྐྱོང་། རྒྱུད་འཛིན་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱེད་རྒྱུ།
四、生物多样性监测内容要求
加快建立生物多样性监测体系。推进生物多样性监测工作的标准化和规范化,加强物种定位研究站、鸟类环志站点、野生动植物资源监测站点建设,构建全市生物多样性监测网络体系和监测信息共享机制。加强珍稀濒危特有物种及其栖息地、极小种群物种、 野生动物疫源疫病等重点领域的监测。
建立林芝生物多样性数据库。开展生物多样性重点区域的调查工作,通过科学的方法和技术手段,如遥感监测、生态调查、物种识别等,获取准确的生物多样性信息。建立生物多样性保护的专门信息源收集网络系统、评估体系和生物多样性保护的专家决策支持系统,并建立完善的信息发布和数据共享机制。
推进林芝市生物多样性实验室建设。为生物多样性保护提供强有力的技术支持,以科研机构的实验室为基础,建立生物多样性保护实验室,开展生物多样性的形成、演变、保护和生物资源可持续利用的重大理论和关键技术研究。
开展重要物种的极小种群保护恢复。开展重要物种的极小种群调查,收集和储存极小种群的野生生物遗传资源,包括从野外采集样本、提取遗传物质并进行保存等,开展保护和研究。
བཞི། སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་གྱི་ནང་དོན་བླང་བྱ།
སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་མྱུར་ངང་འཛུགས་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་ལས་དོན་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་རིགས་ཀྱི་གནས་ངེས་ཞིབ་འཇུག་ས་ཚིགས་དང་། འདབ་ཆགས་རིགས་ཀྱི་སྐོར་སྐྱོད་ས་ཚིགས། རི་སྐྱེས་སྲོག་ཆགས་དང་སྲོག་ཆགས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་དང་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་རྒྱུ། དཀོན་ཞིང་སྟོངས་ཉེན་ཡོད་པའི་དམིགས་བསལ་སྐྱེ་དངོས་དང་དེའི་འཚོ་གནས་དང་། ཁྱུ་ཚོགས་ཧ་ཅང་ཆུང་བའི་རིགས། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་དང་རིམས་ནད་འབྱུང་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།
ཉིང་ཁྲིའི་སྐྱེ་དངོས་སྣ་མང་རང་བཞིན་གཞི་གྲངས་མཛོད་འཛུགས་པ། སྐྱེ་དངོས་སྣ་མང་རང་བཞིན་གཙོ་གནད་ས་ཁོངས་ཀྱི་བརྟག་དཔྱད་ལས་དོན་སྤེལ་ནས་ཚན་རིག་དང་མཐུན་པའི་བྱ་ཐབས་དང་ལག་རྩལ་གྱི་བྱ་ཐབས་དཔེར་ན། རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་བརྟག་དཔྱད། སྐྱེ་དངོས་དབྱེ་འབྱེད་སོགས་བརྒྱུད་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཆ་འཕྲིན་ཡང་དག་ཐོབ་པ་བྱེད་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཆེད་དོན་ཆ་འཕྲིན་ཁུངས་བསྡུ་རུབ་བྱེད་པའི་དྲ་རྒྱའི་མ་ལག་དང་། དཔྱད་དཔོག་མ་ལག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་རིགས་གཅིག་མཁས་ཅན་གྱི་ཐབས་ཇུས་རྒྱབ་སྐྱོར་མ་ལག་བཅས་བཙུགས་ནས། ཆ་འཕྲིན་ཁྱབ་བསྒྲགས་དང་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་ཞིག་འཛུགས་རྒྱུ།
ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་ལག་རྩལ་གྱི་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཏེ། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ཚོད་ལྟ་ཁང་རྨང་གཞིར་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཚོད་ལྟ་ཁང་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ཆགས་པ་དང་། རིམ་འགྱུར། སྲུང་སྐྱོང་། སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བཅས་བྱེད་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་འགག་རྩའི་ལག་རྩལ་ཞིབ་འཇུག་བྱེད་རྒྱུ།
དངོས་རིགས་གལ་ཆེན་གྱི་རིགས་ཚོགས་ཆུང་ངུ་སྲུང་སྐྱོང་དང་སླར་གསོ་བྱེད་པ། སྐྱེ་དངོས་རིགས་གལ་ཆེན་གྱི་ཁྱུ་ཚོགས་ཆུང་ངུར་བརྟག་དཔྱད་བྱེད་པ་དང་། ཁྱུ་ཚོགས་ཆུང་ངུའི་རི་སྐྱེས་སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་འཚོལ་སྡུད་དང་གསོག་ཉར་བྱེད་པ་སྟེ། ཕྱི་རོལ་ནས་མ་དཔེ་འཚོལ་སྡུད་དང་རྒྱུད་འཛིན་དངོས་པོ་ལེན་པ་དང་ཉར་ཚགས་བྱེད་པ་སོགས་སྲུང་སྐྱོང་དང་ཞིབ་འཇུག་བྱེད་རྒྱུ་ཚུད་ཡོད།

《林芝市国家园林城市申报近期建设规划》
《ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་གྱི་རིང་མིན་འཛུགས་སྐྲུན་འཆར་འགོད།》
一、规划内容
གཅིག འཆར་འགོད་ནང་དོན།
为支持林芝市申报国家园林城市,参照2022年修订的《国家园林城市申报与评选管理办法》,对“4类18项指标”进行自评估,以真实反映出林芝市的城市建设水平和园林绿化阶段,形成实事求是的国家园林城市申报自评估结论。
ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ལ་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱ་ཆེད། 2022ལོར་བཟོ་བཅོས་བརྒྱབ་པའི་《རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་རེ་ཞུ་དང་དཔྱད་འདེམས་དོ་དམ་བྱ་ཐབས》གཞིར་བཟུང་། “རིགས་4ཡི་དམིགས་ཚད་ཁག་18”ལ་རང་ངོས་ནས་དཔྱད་དཔོག་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་ཆུ་ཚད་དང་སྐྱེད་ཚལ་སྔོ་འགྱུར་གྱི་དུས་མཚམས་ཇི་མ་ཇི་བཞིན་མཚོན་པར་བྱས་ནས་དངོས་ཐོག་བདེན་འཚོལ་གྱི་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ལ་རེ་ཞུ་དང་དཔྱད་དཔོག་བསྡོམས་ཚིག་ཅིག་ཆགས་པ་བྱ་རྒྱུ།
(注评估基础数据:2024年城市建成区范围13.14平方千米,城市建成区总人口为6.04万人。)
(དཔྱད་དཔོག་གི་རྨང་གཞིའི་གྲངས་གཞིར་གཞིགས་ན། 2024ལོར་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ཁྱབ་ཁོངས་སྟོང་སྨི་ངོས་གྲུ་13.14ཟིན་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་སྤྱིའི་མི་འབོར་ཁྲི་6.04ཟིན་པ། )
二、指标评估结论
གཉིས། དམིགས་ཚད་དཔྱད་དཔོག་གི་མཇུག་བསྡོམས།
林芝市已完成15项指标,可得分84分;另有“建设植物园、立体绿化的项目数量占比、建立具有历史价值的公园保护名录”3项指标正在抓紧推进落实,争取达到14分。若各项工作进展顺利,有望达到98分。
ཉིང་ཁྲི་གྲོང་ཁྱེར་གྱིས་དམིགས་ཚད་ཁག་15ལེགས་སྒྲུབ་བྱས་པར་སྐར་མ་84ཐོབ་ཡོད། གཞན་ཡང་“རྩི་ཤིང་གླིང་འཛུགས་སྐྲུན་དང་ཕྱོགས་བསྡུས་སྔོ་འགྱུར་གྱི་རྣམ་གྲངས་གྲངས་འབོར་གྱིས་བསྡུར་ཚད་བཟུང་བ་དང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྤྱི་གླིང་སྲུང་སྐྱོང་མིང་གཞུང་འཛུགས་དགོས”ཞེས་པའི་སྟོན་གྲངས་3དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ནས་སྐར་མ་14བརྩོན་ལེན་བྱེད་བཞིན་ཡོད། ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་ན་སྐར་མ་98ལ་སླེབས་ཐུབ་པའི་རེ་བ་ཡོད།
林芝市创建国家园林城市自评结果
ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་གཏོད་པའི་རང་དཔྱད་མཇུག་འབྲས།
目标
འཆར་གཞི། 序号
ཨང་རིམ། 指标
དམིགས་ཚད། 考核要求
དཔྱད་ཞིབ་ཆ་རྐྱེན། 自评结果
རང་དཔྱད་མཇུག་འབྲས།
生态宜居
སྐྱེ་ཁམས་འཚོ་སྡོད་རུང་བ།
1
城市绿地率

གྲོང་ཁྱེར་སྔོ་ས་ཟིན་ཚད། 建成区内各类绿地面积占建成区面积的百分比≥40%
འཛུགས་སྐྲུན་ཁུལ་ཁོངས་ལྗང་འགྱུར་རྒྱ་ཁྱོན་གྱིས་འཛུགས་སྐྲུན་ཁུལ་རྒྱ་ཁྱོན་གྱི་བརྒྱ་ཆ་༤༠ཡན་སམ་མཚུངས་པ།  40.34%
2
城市绿化覆盖率
གྲོང་ཁྱེར་གྱི་ལྗང་འགྱུར་ཚད། 建成区内所有植被的垂直投影面积占建成区面积的百分比≥41%
འཛུགས་སྐྲུན་ཁུལ་ནང་གི་སྔོ་ཁེབས་ཀྱི་ཐད་ཀའི་གྲིབ་གཟུགས་ཕོག་ཚད་ཁྱོན་གྱིས་འཛུགས་སྐྲུན་ཁུལ་རྒྱ་ཁྱོན་གྱི་བསྡུར་ཚད་ཀྱི་བརྒྱ་ཆའི༤༡ཡན་སམ་མཚུངས་པ། 42.39%
乔灌木占比≥60%
སྡོང་ཕྲན་གྱི་བསྡུར་ཚད་བརྒྱ་ཆ་༦༠ཡན་སམ་མཚུངས་པ། 64.58%
3 人均公园绿地面积
མི་རེའི་ཆ་སྙོམས་ཀྱི་སྤྱི་གླིང་སྔོ་སའི་རྒྱ་ཁྱོན། 建成区内城区人口人均拥有的公园绿地面积≥12㎡/人
བསྐྲུན་ཟིན་པའི་གྲོང་ཁུལ་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་སའི་རྒྱ་ཁྱོན་མི་རེར12㎡ཡན་སམ་མཚུངས་པ།  25.91㎡/人
མི་རེར་25.91㎡
4 公园绿化活动场地服务半径覆盖率
སྤྱི་གླིང་སྔོ་ལྗང་ཅན་གྱི་བྱེད་སྒོ་སྤེལ་ཡུལ་གྱི་ཞབས་ཞུའི་ཁེབས་ཚད། 公园绿化活动场地服务半径覆盖的居住用地面积占居住用地总面积的百分比≥85%
སྤྱི་གླིང་ལྗང་འགྱུར་བྱེད་སྒོ་སྤེལ་ཡུལ་གྱི་ཞབས་ཞུའི་སྡོད་ཁང་རྒྱ་ཁྱོན་གྱིས་སྡོད་ཁང་རྒྱ་ཁྱོན་སྡོམ་འབོར་གྱི་བསྡུར་ཚད་བརྒྱ་ཆ་༨༥བཟུང་ཡོད། 97.25%
5 城市绿道服务半径覆盖率
གྲོང་ཁྱེར་ལྗང་ལམ་ཞབས་ཞུའི་ཁེབས་ཚད། 万人拥有绿道长度≥1.0公里 3.62公里
建成区内绿道两侧1公里服务范围(步行15分钟或骑行5分钟)覆盖的居住用地面积占总居住用地面积的百分比≥60%
གྲོང་འཛུགས་ཁུལ་ནང་གི་ལྗང་ལམ་གཡས་གཡོན་གྱི་སྤྱི་ལེ་གཅིག་གི་ཞབས་ཞུའི་ཁྱབ་ཁོངས་(རྐང་ཐང་ལ་སྐར་མ་བཅོ་ལྔའམ་ཡང་ན་ལྕགས་རྟ་བཞོན་ནས་སྐར་མ་ལྔ་འགྲོ་དགོས)ནང་སྡོད་སའི་རྒྱ་ཁྱོན་གྱིས་སྤྱིའི་སྡོད་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བསྡུར་ཚད་བརྒྱ་ཆ་དྲུག་ཅུ་སམ་མཚུངས་པ། 99.49%
6 10万人拥有综合公园个数
མི་ཁྲི་བཅུ་ལ་ཕྱོགས་བསྡུས་སྤྱི་གླིང་གྲངས། 建成区内城区人口每10万人拥有的综合公园个数≥1个
གྲོང་འཛུགས་ཁུལ་གྱི་གྲོང་ཁུལ་མི་འབོར་ཁྲི་བཅུ་རེར་དབང་བའི་ཕྱོགས་བསྡུས་སྤྱི་གླིང་གི་གྲངས་འབོར་གཅིག་ཡན་སམ་མཚུངས་པ། 6.6个
7 城市生态廊道达标率
གྲོང་ཁྱེར་སྐྱེ་ཁམས་བར་ཁྱམས་ལོན་ཚད། 建成区内组团之间净宽度不小于100米的生态廊道长度与城市组团之间应设置的净宽度不小于100米且连续贯通的生态廊道长度比率达标
གྲོང་འཛུགས་ཁུལ་ནང་གི་ཚོགས་སྒྲིག་དབར་གྱི་ཞེང་ཚད་སྨི་བརྒྱ་ལས་མི་ཆུང་བའི་སྐྱེ་ཁམས་བར་ཁྱམས་ཀྱི་རིང་ཚད་དང་། གྲོང་ཁྱེར་ཚོགས་སྒྲིག་་དབར་བཀོད་སྒྲིག་བྱེད་དགོས་པའི་ཞེང་ཚད་སྨི་བརྒྱ་ལས་མི་ཆུང་བ་མ་ཟད། མུ་མཐུད་ཤར་གཏོང་ཐུབ་པའི་སྐྱེ་ཁམས་བར་ཁྱམས་ཀྱི་རིང་ཚད་ཀྱི་ཚད་གཞི་ལོན་ཡོད། 100%
8 城市生物多样性保护达标率
གྲོང་ཁྱེར་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལོན་ཚད། 地级及以上城市至少有一个符合标准规范要求,面积大于20公顷的植物园
ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་ལ་མ་མཐར་ཡང་ཚད་གཞི་དང་མཐུན་ལ། རྒྱ་ཁྱོན་སྤྱི་ཆིང་ཉི་ཤུ་ལས་ཆེ་བའི་རྩི་ཤིང་ལྡུམ་ར་ཞིག་ཡོད། 正在建设国家级植物园
近三年乡土适生植物应用面积占新建、改建绿地面积比例大于81%
ཉེ་བའི་ལོ་གསུམ་རིང་གྲོང་གསེབ་ཀྱི་སྐྱེ་དངོས་རྩི་ཤིང་བེད་སྤྱོད་རྒྱ་ཁྱོན་གྱིས་གསར་སྐྲུན་དང་བསྐྱར་སྐྲུན་རྒྱ་ཁྱོན་གྱི་བསྡུར་ཚད་བརྒྱ་ཆ་༨༡་ལས་ཆེ་བ་ཡོད། 90.91%
具备连续三年的城市生物多样性监测数据
ལོ་གསུམ་བསྟུད་མར་གྲོང་ཁྱེར་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གཞི་གྲངས་ལྡན་པ། 具备
健康舒适 9 城市林荫路覆盖率
གྲོང་ཁྱེར་ལྗང་གྲིབ་ལམ་གྱི་ཁེབས་ཚད། 建成区内城市次干路、支路的林荫路长度占城市次干路、支路总长度的百分比≥70%
གྲོང་འཛུགས་ཁུལ་ནང་གི་གྲོང་ཁྱེར་ལམ་ཕལ་པ་དང་། ཡན་ལག་ལམ་གྱི་ནགས་གྲིབ་ལམ་གྱི་རིང་ཚད་ཀྱིས་གྲོང་ཁྱེར་མ་ལམ་ཕལ་པ་དང་། ཡན་ལག་ལམ་གྱི་སྤྱིའི་རིང་ཚད་ཀྱི་བརྒྱ་ཆ་༧༠ཟིན་པ། 73.32%
10 城市道路绿化达标率
གྲོང་ཁྱེར་གྱི་འགྲོ་ལམ་ལྗང་སྒྱུར་ལོན་ཚད། 建成区内道路绿化达到《城市道路绿化设计标准》的长度占城市道路总长度的百分比≥80%
བསྐྲུན་ཟིན་པའི་ཁུལ་ནང་གི་འགྲོ་ལམ་ལྗང་འགྱུར་ཚད་《གྲོང་ཁྱེར་གྱི་འགྲོ་ལམ་ལྗང་འགྱུར་གྱི་ཇུས་འགོད་ཚད་གཞི》ཡི་རིང་ཚད་གྲོང་ཁྱེར་གྱི་འགྲོ་ལམ་སྤྱིའི་རིང་ཚད་ཀྱི་བརྒྱ་ཆའི་བསྡུར་ཚད་བརྒྱ་ཆ་༨༠ཟིན་པ། 90.72%
11 立体绿化实施率
འབུར་གཟུགས་ལྗང་སྒྱུར་ལག་བསྟར་བྱེད་ཚད། 建成区内实施立体绿化的项目数量(个)占项目总数量(个)的百分比≥10%
གྲོང་འཛུགས་ཁུལ་དུ་འབུར་གཟུགས་ལྗང་སྒྱུར་ལག་བསྟར་བྱེད་པའི་རྣམ་གྲངས་གྲངས་འབོར་(སྒེར)གྱིས་རྣམ་གྲངས་སྤྱིའི་གྲངས་འབོར་(སྒེར)གྱི་བརྒྱ་ཆ་༡༠ཟིན་པ། 正在积极建设推进相关工作
12 园林式居住区(单位)达标率
སྐྱེད་ཚལ་རྣམ་པའི་སྡོད་ཁུལ་(ཚན་པ)ལོན་ཚད། 建成区内园林式居住区(单位)的数量(个)占建成区内居住区(单位)总数量(个)的百分比≥50%
གྲོང་འཛུགས་ཁུལ་ནང་གི་སྐྱེད་མོས་ཚལ་རྣམ་པའི་གནས་སྡོད་ཁུལ་(ཚན་པ)གྲངས་འབོར་(སྒེར)གྱིས་འཛུགས་སྐྲུན་ཁུལ་ནང་གི་གནས་སྡོད་ཁུལ་(ཚན་པ)སྤྱིའི་གྲངས་འབོར་(སྒེར)གྱི་བསྡུར་ཚད་བརྒྱ་ཆ་༥༠ཟིན་པ། ≥50%
安全韧性 13 建成区蓝绿空间占比
གྲོང་འཛུགས་ཁུལ་གྱི་སྔོ་ལྗང་བར་སྟོང་བསྡུར་ཚད། 建成区各类绿地和水域总面积占建成区总面积的百分比≥43%
གྲོང་འཛུགས་སྐྲུན་ཁུལ་གྱི་སྔོ་ས་དང་ཆུ་ཁོངས་སྤྱིའི་རྒྱ་ཁྱོན་གྱིས་འཛུགས་སྐྲུན་ཁུལ་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་༤༣ཟིན་པ། 41.67%
14 防灾避险绿地设施达标率
གནོད་འགོག་ཉེན་གཡོལ་གྱི་སྒྲིག་བཀོད་ཚད་ལོན་ཚད། 建成区达到《城市绿地防灾避险设计导则》设施要求的防灾避险绿地数量(个)占纳入城市防灾避险体系全部防灾避险绿地数量(个)的百分比100%
གྲོང་འཛུགས་ཁུལ་དེ་《གྲོང་ཁྱེར་སྔོ་སའི་གནོད་འགོག་ཉེན་གཡོལ་ཇུས་འགོད་》ཁྲིད་སྟོན་སྒྲིག་བཀོད་ཀྱི་བླང་བྱ་དང་མཐུན་པའི་གནོད་འགོག་ཉེན་གཡོལ་གྱི་སྔོ་སའི་གྲངས་འབོར་(མི་སྒེར)གྱིས་གྲོང་ཁྱེར་གནོད་འགོག་ཉེན་གཡོལ་མ་ལག་ནང་བཅུག་པའི་གནོད་འགོག་ཉེན་གཡོལ་གྱི་ལྗང་ཁུལ་གྲངས་འབོར་(སྒེར)གྱི་བརྒྱ་ཆ༡༠༠ཟིན་པ། 100%
15 城市湿地保护实施率
གྲོང་ཁྱེར་འདམ་ར་སྲུང་སྐྱོང་ལག་བསྟར་བྱེད་ཚད། 建成区内实施保护的城市湿地面积占建成区内城市湿地总面积的百分比100%
གྲོང་འཛུགས་ཁུལ་ནང་སྲུང་སྐྱོབ་བྱེད་པའི་གྲོང་ཁྱེར་འདམ་རའི་རྒྱ་ཁྱོན་གྱིས་འཛུགས་སྐྲུན་ཁུལ་ནང་གི་གྲོང་ཁྱེར་འདམ་རའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་༡༠༠ཟིན་པ། 100%
风貌特色 16 具有历史价值的公园保护率
སྲུང་སྐྱོང་རིན་ཐང་ལྡན་པའི་སྤྱི་གླིང་གི་སྲུང་སྐྱོབ་བྱེད་ཚད། 建立具有历史价值的公园保护名录
ལོ་རྒྱུས་རིན་ཐང་ལྡན་པའི་སྤྱི་གླིང་སྲུང་སྐྱོབ་ཀྱི་མིང་ཐོ་བཟོ་བ། 已建立保护名录
སྲུང་སྐྱོང་མིང་ཐོ་བཟོས་ཚར།
按照名录和保护要求实施保护的具有历史价值的公园数量(个)占纳入名录具有历史价值的公园总数量的百分比100%
མིང་ཐོ་དང་སྲུང་སྐྱོང་བླང་བྱ་ལྟར་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྤྱི་གླིང་གི་གྲངས་འབོར་(སྒེར)གྱིས་མིང་ཐོའི་ནང་བཅུག་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྤྱི་གླིང་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་༡༠༠ཟིན་པ། 100%
17 古树名木及后备资源保护率
གནའ་བོའི་ཤིང་སྡོང་དང་རྗེས་གྲབས་ཐོན་ཁུངས་སྲུང་སྐྱོང་བྱེད་ཚད། 制定并实施古树名木和后备资源保护措施
གནའ་ཤིང་གྲགས་ཅན་དང་རྗེས་གྲབས་ཐོན་ཁུངས་སྲུང་སྐྱོང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱ་རྒྱུ། 已制定措施
གཏན་འབེབས་ལག་བསྟར་བྱས་ཟིན།
建成区内受到保护的古树名木及后备资源(棵)占建成区内古树名木及后备资源总量(棵)的百分比100%
གྲོང་འཛུགས་ཁུལ་ནང་སྲུང་སྐྱོབ་ཐོབ་པའི་གནའ་ཤིང་གྲགས་ཅན་དང་དེ་བཞིན་རྗེས་གྲབས་ཐོན་ཁུངས་(རྐང)ཀྱིས་འཛུགས་སྐྲུན་ཁུལ་ནང་གི་གནའ་ཤིང་གྲགས་ཅན་དང་རྗེས་གྲབས་ཐོན་ཁུངས་བསྡོམས་འབོར་གྱི་བརྒྱ་ཆ་༡༠༠ཟིན་པ། 100%
18 园林绿化工持证上岗率
སྐྱེད་ཚལ་ལྗང་སྒྱུར་ལས་བཟོའི་ལག་ཁྱེར་ལེན་ནས་་ལས་ཞུགས་བྱེད་ཚད། 园林绿化工程中持证人员数量(人)占该工程技术工种上岗人员总数量(人)的百分比100%。
སྐྱེད་ཚལ་ལྗང་འགྱུར་ལས་གྲྭའི་ཁྲོད་ལག་ཁྱེར་ཡོད་པའི་མི་སྣའི་གྲངས་འབོར་(མི)གྱིས་ལས་གྲྭའི་ལག་རྩལ་ལས་རིགས་དེའི་ལས་ཐོག་མི་སྣའི་བསྡོམས་འབོར་གྱི་བརྒྱ་ཆ་༡༠༠ཟིན་པ། 100%



  • 技术支持:林芝市政府电子政务中心
  • 主办单位:林芝市城市管理和综合执法局
违法举报